e-texts navigator
Collection
Volume
Page
Wylie

154a1 པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་འཆས་འགོམ་བྱེད་ཟས་སྦྱིན་གྱི་ཀུན་དགལར་བས། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུམ་ཆེར་པོ་དང་། བྱང་ཆུབ་སེམས་དཔའ་ཁྲི་དང་ཐབས་ཅིག་དུ་བཞུགས་ཏེ། དེ་ན་བརྗེ
154a2 ལྡན་འདས་འཁོར་མང་པོས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏོ།། དེའི་ཚེ་ཚོང་དཔོན་སྤོབས་པའི་བློ་གྲོས་ཞེས་བྱ་བ་ཞིག་ཚོང་དཔོན་གྱི་བུ་ལྔ་བརྒྱ་ཙམ། སོ་སོའི་གཡོག་འཁོར་ལྔ་བརྒྱས་ཡོངས་སུ་བསྐོར་ཅིང་མདུན་དུ་བར
154a3 པ་དང་ལྷན་ཅིག་ཏུ་མཉན་དུ་ཡོད་པའི་གྲོང་ཁྱེར་ནས་བྱུང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་འཚལ་འགོན་མྱེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཀ་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཨག
154a4 བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་གཡོག་འཁོར་དང་བཅས་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། དེ་ནས་སངས་རྒྱས་ཀྱི་མཐུས་ཚོང་དཔོན་སྤོབས་པའི་བྲེ་གྲོས་སྟན་ལས་ལངས་ཏེ། བླ་གོས
154a5 ཕྲག་པ་གཅིག་དུ་གཟར་ནས། པུས་མོ་གཡས་པ་ལྔ་ངས་ལ་བཙུགས་ཏེ། བཅོམ་ལྡན་འདས་གས་པ་དེ་སོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཙོ། མ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ནི་བླ
154a6 མའི་མཆོག། ཁམས་གསུམ་པའི་དམ་པ། བྱང་ཆུབ་ཀྱི་བསོད་ནམས་ཀྱི་ལྷག་པའི་གཞི་སེམས་ཅན་ཐམས་ཅད་ངེས་པར་སྒྲོལ་བར་མཛད་པ། ཀུ་ན་ཏུ་ཁྱབ་པའི་ཐབས་ལ་མཁས་པའི་ཕྱོགས་ཐུག་པ་མ་མཆིས་པ་ངེས་པ
154a7 ཐོབ་པར་མཛད་པ་ལགས་ན། བཅོམ་ལྡན་འདས་མ་མཆིས་པའི་དུས་སྙིགས་མའི་རྙོག་པ་ལྔ་དང་ལྡན་པ་ལ། དུག་གསུམ་འབར་ཞིང་རབ་ཏུ་འབར་ལ་གཅིག་ལ་གཅིག་གདུང་བར་བགྱིད་པའི་སེམས་ཅན་རྣམས་ཀྱི་ནང་ན་གང་ཉེས་པར་བས
154a8 བ་སེམས་པའི་དུས་ན་གཙོ་བོ་མ་མཆིས་ཤིང་། དེ་གང་གི་ཡང་མ། ལགས་པ་དང་། རྒྱལ་པོ་དང་། བློན་པོ་རྣམས་ཡུལ་ལ་སྲེད་པའི་ཟོལ་གྱིས་ནོན་ཏེ། ཕན་ཚུན་མྱ་མཐུན་ཞིང་གཅིག་ལ་གཅིག་གཡུལ་འགྱེད་པ་དང་། དེ་དག་གཅིག
154a9 ས་གཅིག་གཡུལ་འགྱེད་པ་ན། གཞན་གྱི་དམག་གི་དཔུང་གི་ཚོགས་དང་། དེ་ལས་གཞན་པའི་ཡུལ་མྱི་ལུས་འཆབ་འཚལ་བ་རྣམས་ཀྱི་མྱི་ཡང་མྱི་གདལ་བ་དང་། སངས་རྒྱས་ཀྱི་བསོད་ནམས་ཀྱི་མཐུས་སངས་རྒྱས་ཀྱི་སློབ་མ་གང




iiif viewer powered by OpenSeadragon

153b - 154b

Texts on this page

Ng5.7 - 'phags pa spobs pa'i blo gros kyis zhus pa zhes bya ba theg pa chen po'i mdo