| e-texts navigator |
| Wylie |
153a1 ཎཀྱི་ལུང་བསྟན་པས། ངས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་ནས་ངས་བསྐབས་ཕྱེ་བས་མྱི་མཆེད་ཀྱི་བདག་པོ་ཚངས་པས་པལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔལ་སེམས
153a2 དཔའ་ཆེན་པོ་དག་ཆོས་དུ་དང་ལྡན་ན། མྱུར་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ལགས། དགེ་སློང་དག་དེ་སྐད་ཅེས་གསོལ་པ་དང་། ངས་མྱི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས
153a3 བཀའ་སྩ་ལ་ད་ཏོ།། ཚངས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་གཅིག་དང་ལྡན་ན། མྱུར་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། ཆོས་གཅིག་གང་ཞེ་ན་འདི་ལྟ་སྟེ།
153a4 ལུས་ཀྱི་རྗེས་སུ་སོང་བའི་དྲན་པའོ།། དགེ་སློང་དག་ངས་མྱི་མཇེད་ཀྱི་བདག་པོ་ཚངས་པ་དེས་སུས་ཀྱི་རྗེས་སུ་སོང་བའི་དྲན་པའི་རྒྱུ་དང་ལུས་དཔའ་བྲས་བུ་ཡང་སྟན་ཏོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན
153a5 དགའ་བོས་འདི་སྐད་ཅེས་གསོལ་ཏོ།། ལེགས་སོ་ལེགས་སོ།། བཅོམ་ལྡན་འདས་ཀྱིས་མྱི་མཇེད་ཀྱི་བདག་པོ་ཚངས་པ་ལ་གང་བསྟན་པ་དེ་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། ལྔ
153a6 དང་མྱི་རྣམས་ཀྱི་དོན་དང་། སྨན་པ་དང་བདེ་བར་བགྱི་བའི་སླད་དུ་བཤད་དུ་ག་ས་ལོ།། དགེ་སློང་སར་པ་སར་པ་རྣམས་དང་། ཆོས་འདུལ་བ་འདི་ལ་རབ་ཏུ་བྱུང་ནས་རིང་པོ་མ་ལགས་ཤིང་མཆིས་ནས་རིང་པོར་མ་ལགས་པ
153a7 རྣམས་དང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སྐྱེས་བུ་དམ་པ་འདི་དག་གིས་ཐོས་ནས། དགའ་བ་དང་དད་པ་འཐོབ་པར་འགྱུར། བསླབ་པ་དེ་ལ་ཡང་སྦྱོར་བར་བརྩོན་པར་གནས་པར་འགྱུར་ལགས་སོ།། དེ་ནས་བཅོམ་ལྡན
153a8 འདས་ཀྱིས་མྱི་མཇེད་ཀྱི་བདག་པོ་ཚངས་པ་ལ་གང་བཤད་པ་དེ།། དགེ་སློང་དེ་དག་ལ་ཡང་བཤད་དོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དཀའ་བོས་འདི་སྐད་ཅེས་གསོལྡ་ཏོ།། བཅོམ་ལྡན་འདས་ལེགས་པར་བཀལ
153a9 སྩལ་ཏོ།། བདེ་བར་གཤེགས་པ་ལེགས་པར་བཀའ་སྩལ་ཏོ།། མྱི་མཇེད་ཀྱི་བདག་པོ་ཚངས་པ་མདོ་སྡེ་འདི་ལྟ་བུ་དག་ཡོངས་སུ་ཞུ་བའི་སླད་དུ་བཅོམ་ལྡན་འདས་ཀྱི་ཐད་དུ་མཆིས་ནས་ཞུས་པ་ཡང་ལེགས་པར་སྨྲས་པ་ལ།