e-texts navigator
Collection
Volume
Page
Wylie

152a1 པ་ཉིད་དང་། ཆེ་བ་ཉིད་དང་། ཉན་ཐོས་ཉིད་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་མཐུན་མོང་བ་ཡང་མ་ཡིན་ན།། གཞན་སེམས་ཅན་ཐམས་ཅད་དང་ལྟ་སྤོས་ཀྱང་ཅི་དགོས་པའི་མཐུན
152a2 མོང་མ་ཡིན་པ་ཉིད་ཀྱང་རབ་ཏུ་ཤེས་སོ།། དེ་དེ་ལྟར་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ལེགས་པར་ཉེ་བར་གནས་ལ། སྡིག་པའི་ཆོས་ཐམས་ཅད་དང་ནི་བྲལ། དགེ་བའི་ཆོས་ནི་ཡང་དག་པར་ཐོབ། ལུས་ཀྱི་གནོད་པ
152a3 ནི་མྱེད་རྣམ་པར་ཤེས་པས་འཕངས་པ་ནི་མྱེད། སེམས་ཀྱིས་འཕོངས་པ་ནི་མྱེད་ལ། ཆོས་རྣམས་ཀྱི་རྒྱུའི་ཚོགས་དང་འབྲས་བུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས། དཔེར་ན་རྒྱ་མཚོའི་བརླབས་བཞིན་དུ་དགེ་བའི་ཆོས་རྣཾས
152a4 ཀྱིས་འཕེལ་ཏེ། ཇི་ལྟར་རྒྱ་མཚོའི་རླབས་འབྲི་ཞིང་ཡང་འབྱུང་བ་ལྟརབྱང་ཆུབ་སེམས་དཔལ་ནི་ཆོས་རྣམས་ལས་དེ་ལྟ་མ་ཡིན་ནོ།། དེ་དཔེར་ན་ཟླ་བ་ཡར་གྱི་ངོལ་ཟླ་བའི་དཀྱིལ་འཁོར་དང་འདྲ་བར་དགེ་བའི་ཆོས་རྣམས
152a5 ཀྱིས་མངོན་པར་འཕེལ་ཏེ། ཇི་ལྟར་མར་གྱི་ངོ་ལ་ཟླ་བའི་དཀྱིལ་འཁོར། འབྲི་བའི་ཆོས་ཅན་ཡིན་པ་ལྟར། བྱང་ཆུབ་སེམས་དཔའ་ནི་ཆོས་རྣམ། ས་ལས་དེ་ལྟར་མ་ཡིན་ནོ།། དེ་དཔེར་མ་དབྱར་གྱི་དུས་ཀྱི་ཕུ་ཆུ་འབྲུག
152a6 པ་ལྟར་དགེ་བའི་ཆོས་རྣམས་ཀྱིས་མངོན་པར་འཕེལ་ཏེ། ཇི་ལྟར་ཕུ་ཆུ་འབྲུ་ག་པ་དབྱར་གྱི་དུས་ཟད་ན། འབྲི་བའི་ཆོས་ཅན་ཡིན་པ་ལྟར་བྱང་ཆུབ་སེམ་ས་དཔའ་ནི་ཆོས་རྣམས་ལས་དེ་ལྟ་མ་ཡིན་ནོ།། ཚངས་པ་དེ་ལྟར
152a7 བསླབས་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། ལུས་ཀྱི་སྐྱོན
152a8 རྣམས་རབ་ཤེས་ན། ལུས་ཡོད་སྐྱོན་རྣམས་མྱི་སྟེན་ཏོ།། ལུས་ལ་དྲན་པ་ལེགས་གནས་ན།། སྐྱོན་མྱེད་ཞི་བའི་གནས་འཐོབ་བོ།། སུས་ཀྱི་སྐྱོན་རྣམས་མྱི་ཤེས་ན། སུས་ལ་ཡོད་པའི་སྐྱོན་མྱི་རྟོགས།། ལུས་ལ་དྲན་པ་མྱི
152a9 གནས་ན།། སྡུག་བསྔལ་བཟོད་དཀའི་གནས་འཐོབ་བོ།། སེམས་ཀྱི་སྐྱོན་རྣམས་རབ་ཤེས་ན། སེམས་ཡོད་སྐྱོན་རྣམས་མྱི་སྟེན་ཏོ།། སེམས་ལ་དྲན་པ་ལེགས་གནས་མ།། སྐྱོན་མྱེད་ཞི་བའི་གནས་འཐོབ་བོ།། སེཾས




iiif viewer powered by OpenSeadragon

151b - 152b

Texts on this page

Ng5.6 - 'phags pa tshangs pas zhus pa zhes bya ba theg pa chen po'i mdo