e-texts navigator
Collection
Volume
Page
Wylie

151b1 པ་ལ་སྟོང་པ་ཉིད་དང་། རེག་བྱ་ས་མྱི་རྟག་པ་ཉིད་དུ་རབ་ཏུ་ཤེས་སོ།། དེ་དེ་ལྟར་ཤེས་རབ་ལ་མཁས་པས་ཤི་ནང་ཏུ་རྟོགས་པའི་ཞེས་རབ་དང་ལྡན་ཞིང་ཤེས་རབ་རྣོ་བ་དང་ལྡན་ཏེ། མྱི་དགེ་བའི་ཆོས་རྣམས་ཀྱང་རབ་ཏུ་ཤེས། དགེ་བའི་ཆོས
151b2 རྣམས་ཀྱང་རབ་ཏུ་ཞེས་ཉན་ཐོས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱང་རབ་ཏུ་ཤེས། རང་སངས་རྒྱས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔལ་ཡང་བདག་པར་འགྲུབ་པར་བྱེད་པའི་ཆོས
151b3 རྣམས་དང་། སངས་རྒྱས་ཉིད་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱང་རབ་ཏུ་ཤེས་སོ།། དེ་མྱི་དགེ་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་ཆུ་ངུ་དང་། འབྲིང་དང་ཆེན་པོ་སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་རྣམས་དང་།
151b4 ཡི་དགས་རྣམས་སུ་སྐྱེ་བ་ཡང་རབ་ཏུ་ཤེས་སོ།། དེར་སྐྱེས་པ་རྣམས་ཀྱི་ཚོར་བ་ཆུ་ངུ་དང་འབྲིང་དང་ཆེན་པོ་ཡང་རབ་ཏུ་ཤེས་སོ།། དགེ་བའི་ཆོས་ན་མས་ཀྱི་རྣམ་པར་སྨིན་པ་ཆུ་རུ་དང་འབྲིང་དང་ཆེན་པོ་ལྷ་རྣམས་ཀྱི་ནང་དུ་འམ
151b5 མྱི་རྣམས་ཀྱི་ནང་དུ་སྦྱིན་པ་ཡང་རབ་ཏུ་ཤེས་སོ།། དེར་སྐྱེས་པ་རྣམ། ས་ཀྱི་འབྲས་བུ་ཆུ་དྱ་དང་འབྲི་དང་ཆེན་པོ་ཡང་རབ་ཏུ་ཤེས་སོ།། ཉན་ཐོ་ས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱི་རྒྱུན་ཏུ་ཞུགས་པའི
151b6 འབྲས་བུ་མངོན་དུ་བྱ་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མཛིན་དུ་བྱ་བ་དང་། ཕྱིར་མྱི་འོང་བའི་འབྲས་བུ་མངོན་དུ་བྱ་བ་དང་། དགྲ་ཅོམ་པ་ཉིད་ཀྱི་འབྲས་བུ་མངོན་དུ་བྱ་བའི་རྣམ་པ་ཡང་རབ་ཏུ་ཤེས་སོ།།
151b7 ཞེས་རབ་ཀྱིས་རྣམ་པར་གྲོལ་བ་ཉིད་དང་། གཉི་གའི་མལས་རྣམ་པར་གྲོལ་བ་ཡང་རབ་ཏུ་ཤེས་སོ།། རང་སངས་རྒྱས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱི་ཡང་དག་པར་འགྲུབ་པ་ཡ་པ་རབ་ཏུ་ཞེས་སོ།། འབྲས་བུ
151b8 དཔའི་བ་ཉིད་ཀྱ་རབ་ཏུརྣམ་འོ།། བྱང་ཆུབ་སེམས་དཔའ་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱི་ལོགས་ཀྱིས་པ་ཡང་རབ་ཏུ་ཤེས་སོ།། ཡེ་ཞེས་ཀྱིས་མ་ཡང་རབ་ཏུ་ཤེས་སོ།། ཤེས་ནས་གྱུང་ཚོགས་ཀྱིས་པ་དང
151b9 ཡེ་ཤེས་ཀྱི་ལམ་ལ་བཅོན་པར་བྱེད་དོ།། སངས་རྒྱས་ཉིད་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱི་རྫུ་འཕྲུལ་ཆེ་བ་ཉིད་ཀྱང་རབ་ཏུ་ཤེས་སོ།། མཐུ་ཆེ་བ་ཉིད་དང་། དམ་པ་ཉིད་དང་། རབ་མཆོག་ཉིད་དང་། ཕུལ་དུ་ཐུ




iiif viewer powered by OpenSeadragon

151a - 152a

Texts on this page

Ng5.6 - 'phags pa tshangs pas zhus pa zhes bya ba theg pa chen po'i mdo