e-texts navigator
Collection
Volume
Page
Wylie

151a1 སའི་ཁམས་དང་། མ་ཟིན་པའི་སའི་ཁམས་ལ་ཡང་ཡང་དག་པའི་ཤེས་རབ་ཀྱིས་ཚུལ་གཅིག་ཏུ་སོ་སོར་རྟོག་གོ།། ཟིན་པའི་ཆུའི་ཁམས་དང་། མྱེའི་ཁམས་དང་། རླུང་གི་ཁམས་དང་། མ་ཟིན་པ་ལ་ཡང་ཡང་དག་པཱི།
151a2 ཤེས་རབ་ཀྱིས་ཚུལ་གཅིག་ཏུ་སོ་སོར་རྟོག་སྟེ། དེ་གཉི་ག་ཡང་གསོག་དང་གསོབ་ཉིད་དུ་མཐོང་ཞིང་བེམས་པོ་ཉིད་དང་། སྙིང་པོ་མྱེང་པ་ཉིད་དང་། སྟོང་པ་ཉིད་དུ་མཐོང་པོ།། དེས་དེ་ལྟར་མཐོང་བས་ཇི་ལྟར་ཕྱི་རོལ་གྱི་ཁམས་རྣམས
151a3 མངོན་པར་ཆགས་པ་མྱེད་པ་དེ་ལྟར། ནང་གི་རྣམས་ལ་ཡང་ངོ་།། མྱིག་གི་རྣམ་པར་ཞེས་པ་དང་། གཟུགས་རྣམས་ལ་ཡང་ཡང་དག་པའི་ཤེས་རབ་ཀྱིས་ཚུལ་གཅིག་ཏུ་སོ་སོར་རྟོག་གོ།། ན་ནི་རྣམ་པར་ཤེས་པ་དང་།། སྒྲ་རྣམས་དཔ།
151a4 སྣའི་རྣམ་པར་ཤེས་པ་དང་། དྲི་རྣམས་དང་། ལྕེའི་རྣམ་པར་ཤེས་པ་དང་། རོ་རྣམས་དང་། སུས་ཀྱི་རྣམ་པར་ཤེས་པ་རྣམས་དང་། རེག་བྱ་རྣམས་དང་ཡང་ཡང་དག་པའི་ཤེས་རབ་ཀྱིས་ཚུལ་གཅིག་ཏུ་སོ་སོར་རྟོག་གོ།།
151a5 དེའི་སའི་ཁམས་ལ་ནི་སྲ་བ་ཉིད་དུ་ཡང་རབ་ཏུ་ཤེས་ལ། གཉེར་བ། ཉིད་དང་། ཚ་བ་ཉིད་དང་། འོ་སྟོང་ཉིད་དུ་ཡང་རབ་ཏུ་ཤེས་སོ།། ཆུའི་ཁམས་ལ་ཡང་གཤེར་བ་ཉིད་དུ་ཡང་རབ་ཏུ་ཤེས་ལ། སྲ་བ་ཉིད་དུ།
151a6 ཚ་བ་ཉིད་དང་། ཞོང་སྟོང་ཉིད་དུ་ཡང་རབ་ཏུ་ཤེས་སོ།། མྱེའི་ཁམས་ལ་ཚ་བ་ཉིད་དུ་ཡང་རབ་ཏུ་ཤེས་ལ་སྲ་བ་ཉིད་དང་། གཤེར་བ་ཉིད་དང་། བསྟོང་ཉིད་དུ་ཡང་རབ་ཏུ་ཤེས་སོ།། རླུང་གི་ཁམས་ལ་གཡོ་བ་ཉིད་དུ
151a7 ཡང་རབ་ཏུ་ཤེས་ལ། ཡང་ཞིང་གཡོ་བ་ཉིད་དུ་རབ་ཏུ་ཤེས་སོ།། དེ་ནམ་མཁའི་ཁམས་ལ་ཁོ་བ་སྟོང་དུ་ཡང་རབ་ཏུ་ཤེས་ལ། ཐམས་ཅད་དུ་སོང་བ་ཉིད་དུ་ཡང་རབ་ཏུ་ཤེས་སོ།། རྣམ་པར་ཤེས་པའི་ཁམས་ལ་སྒྱུ་མ་ལྟ་བུ་ཉིད་དུ་ཡང
151a8 རབ་ཏུ་ཤེས་ལ། ཕྱིན་ཅི་ལོག་ཉིད་དུ་ཡང་རབ་ཏུ་ཤེས། ཕྱིན་ཅི་མ་ལོག་པ་ཉིད་དུ་རབ་ཏུ་ཤེས་སོ།། དེ་མྱིག་གི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་། གཟུགས་ལ་མྱི་རྟག་པ་ཉིད་དུ་ཡང་རབ་ཏུ་ཤེས་སོ།། རྣ་བའི་རྣམ་པར་ཤེས་པ
151a9 ལ་སྟོང་པ་ཉིད་དང་། སྦལ་མྱི་རྟག་པ་ཉིད་དང་། སྣའི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་། དྲིལ་གྱི་རྟག་པ་ཉིད་དང་། སྡེའི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་། ཆོས་ཀྱི་རྟག་པ་ཉིད་དང་། ལུས་ཀྱི་རྣམ་པར་ཤེས




iiif viewer powered by OpenSeadragon

150b - 151b

Texts on this page

Ng5.6 - 'phags pa tshangs pas zhus pa zhes bya ba theg pa chen po'i mdo