e-texts navigator
Collection
Volume
Page
Wylie

150a1 ལུས་ལ་ལྷག་པར་ཆགས་པ་ཡང་འདོར་རོ།། ལུས་ལྕི་བ་འམ་ཡང་བ་ཡང་ཤེས་སོ།། ལུས་དང་མཐུན་པ་དང་ལུས་འཚོ་བ་ལུས་ཀྱི་སྟོབས་ཀྱང་རབ་ཏུ་ཤེས་སོ།། ངག་ལེགས་པར་བསྡམས་པ་ཡིན་ཏེ། སྨྲ་བ་ཉུང་ཞིང
150a2 བརྗོད་པ་ཉུང་ངོ་།། དོན་སྨྲ་བ་ཡིན་ཞིང་རིགས་པ་སྨྲ་བ་ཡིན་ཏེ། བྲེ་མོ་གཏམ་ལ་དགའ་བ་ཡོངས་སུ་སྤངས་པ་ཡིན་ནོ།། དེ་ཡིད་ལེགས་པར་བསྡམས་པ་ཡིན་ཏེ། མྱི་དགེ་བའི་རྣམ་པར་རྟོག་པ་ཐམས་ཅད་ཡོངས་སུ་སྤངས་སོ།། དེ་དེ་ལྟར
150a3 གནས་གསུམ་ཡོངས་སུ་དག་པས་སྔོན་པོ་དང་། སེར་པོ་དང་དམར་པོ་དང་། དཀར་པོ་ལ་གཟུགས་རྣམས་མྱི་སྣང་བར་བྱ་བའི་ཕྱིར་ནན་ཏན་བྱེད་དེ། དེ་དག་ལ་མཚན་མར་མྱི་འཛིན་དེ་མངོན་རྟགས་སུ་མྱི་འཛིནད་ཏོ།། རྒྱན་དང
150a4 ཀོས་ཀྱི་རྣམ་པ་སྣ་ཚོགས་དག་ལ་ཡང་མཚན་མར་མྱི་འཛིནད་ཅིང་མངོན་རྟགས་སུ་མྱི་འཛིནད་པ་ཡིན་ནོ།། གཟུགས་དང་སྭ་དང་དྲི་དང་རོད་པརེ་ཀ་རྣམ་པ་སྣ་ཚོགས་དག་ལ་ཡང་མཚན་མར་མྱི་འཛིན་ཅིང་། མངོན
150a5 རྟགས་སུ་མྱི་འཛིནད་པ་ཡིན་ནོ།། སྐྱེས་པ་དང་བུད་མྱེད་དང་ཁྱེའུ་དང་བུ་མོ་རྣམས་ལ་ཡང་མཚན་མར་མྱི་འཛིན་ཅིང་། མངོན་རྟགས་སུ་མྱི་འཛིནད་པ་ཡིན་ནོ།། དེ་གཅིག་པུ་དབེན་པར་འདུག་ནས་ན
150a6 དུ་ཡང་དག་འཇོག་ཅིང་སེམས་གནས་པར་བྱ་བའི་ཕྱིར་ནན་ཏན་བྱེད་དེ། མྱི་སྡུག་པ་ལ་དམྱིགས་པ་འམ། བྱམས་པ་ལ་དམྱིགས་པ་འམ།། སྟེ། རྗེ་ལ་དམྱིགས་པའམ། ཡིད་འབྱུང་བར་འགྱུར་བ་གང་ཡང་རུང་བས་ཇི
150a7 ལྟར་ལུས་ཁེངས་པར་མྱི་འགྱུར་བ་དེ་ལྟར་དམྱིགས་པར་བྱེད་དེ། དབུགས་རྔུབ་པ་དང་འབྱུང་བ་མྱི་འགག་ཀོ། རྒྱུན་རྣམས་ཀྱང་མྱི་འཆད་དོ།། རླུང་འཇུག་པར་མྱི་འགྱུར་རོ།། སེམས་ལོག་པར་རྣམ་པར་གཡེང་བར་མྱི་འགྱུར་རོ།།
150a8 དེ་འཆག་གམ་ཉལ་ལམ། འགྲེང་ངམ་འདུག་ཀྱང་དམྱིགས་པ་དེ་ཉིད་ཀྱིས་འདུག་གོ།། དེ་ཉིད་ལ་སེམས་གཏོང་ངོ་པོ། ཚངས་པ་གང་གི་ཚེ་བྱང་ཆུབ་སེམས་དཔལ་དམྱིགས་པ་ལ་སེམས་བརྟག་པར་གྱུར་ད་པ་དེའི་ཚེ། སེམས་ལ
150a9 སེམས་མཉམ་པར་འཇོག་སྟེ། སེམས་ཀྱིས་སེམས་ཀྱང་མྱི་དམྱིགས་སོ།། གང་གིས་མཉམ་པར་གཞག་པ་དེ་ཡང་མྱི་དམྱིགས་སོ།། གང་གི་ཕྱིར་མཉམ་པར་འཇོག་པ་དེ་ཡང་མྱི་དམྱིགས་སོ།། དེ་འདི་སྙམ་དུ་སེམསས།




iiif viewer powered by OpenSeadragon

149b - 150b

Texts on this page

Ng5.6 - 'phags pa tshangs pas zhus pa zhes bya ba theg pa chen po'i mdo