e-texts navigator
Collection
Volume
Page
Wylie

149a1 བྲར་བྱེད་བཅོས་ལེགས་བྱེད་པ་མི་འུ་ཁལ་རྣམས་བརྒྱན་པའི་ཕྱིར་མ་ཡིན། བདེ་བར་བྱ་བའི་ཕྱིར་མ་ཡིན་གྱི། གཞན་དུན་ཅི་ཙམ་དུ་ཁལ་བཀལ་པ་བསྐུལ་པའི་ཕྱིར་རོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔལ་ཁ
149a2 ཟབ་ཡང་སུས་བརྟུན་པའི་ཕྱིར་ཟས་པ་སྔམ་སྲིན། སུས་བདེ་བར་བྱ་བའི་ཕྱི་མ་ཡིན་ཏེ། གཞན་དུན་གྱིམམ་དུ་སུས་དང་འབྲེལ་བའི་དགེ་བའི་ཕྱོགས་བསྐལ་བའི་ཕྱིར་ལོ་སྒྱུམ་དུ་སེམས་ཉེ་བར་གནག་པར་བྱའོ།། ཚངས
149a3 པ་གལ་ཏེ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པས་གསུངས་པའི་གཉེན་པོས་སེམས་ཞེས་པར་བྱེད་མྱི་ནུས་མདེ་འདི་སྙམ་བསམ་པར་བྱ་སྟེ། སེམས་ཤེས་བྱ་བ་འདི་ནི་མཐར་ཕྱིན་པར་དཀའ་བ། མྱི་མཐུན་པ་འཛིན
149a4 འཁོར་བ་ལ་མངོན་དུ་ཕྱོགས་པ་དགེ་བའི་ཕྱོགས་ལ་མྱི་ཕྱོགས་པ། ཡུལ་ལ་མངོན་དུ་ཕྱོགས་པ། དབེན་པ་ལ་མྱི་ཕྱོགས་པ། བདེ་བ་ལ་མངོན་དུ་ཕྱོགས་པ། སྡུག་བསྔལ་ལ་མྱི་ཕྱོགས་པ། སྨྲ་བ་ལ་དགའ་བ་ལ
149a5 མངོན་དུ་ཕྱོགས་པ། སྤོ་བ་ལ་མངོན་དུ་ཕྱོགས་པ། དེ་འོ་མས་ན་མ་པར་ལྟ་བ་ལ་མྱི་ཕྱོགས་པ། མྱི་གཙང་བ་ལ་མངོན་དུ་ཕྱོགས་པ། གཙང་བ་ལ་མྱི་ཕྱོགས་པ། གདུལ་དཀའ་བ་གཟུང་དཀའ་བ
149a6 གནས་མྱེད་པ་རྟེན་བྱེད་པ། གསོག་གསོབ་སྐད་ཅིག་པ། རྒྱུ་དང་རྒྱ་མཆོགས་ལས་བྱུང་བ་ཡིན་ན། མཁས་པའི་རང་བཞིན་ཅེན་སུ་ཞིག། འདི་ལྟ་བུའི་རང་བཞིན་ཅན་གྱི་སེམས་ཀྱི་དབང་དུ་འགྲོ་ཞིང་རྗེས་སུ་འདུ
149a7 སྙམ་དུ་བསམ་མོ།། དེ་དེ་ལྟར་སེམས་ལ་དྲན་པ་ཉེ་བར་གནས་པས་སེམས་གདུལ་བའི་ཕྱིར་ནན་ཏན་བྱེད་དོ།། དེ་སེར་སྣའི་སེམས་གདུལ་བའི་ཕྱིར་སྦྱིན་པ་སྦྱིན་པར་བྱེད་དེ། ཐ་ན་ཁམ་ཅིག་ཙམ་འམ། རྒྱ་ཤུག་ཙམ་འམ། མན
149a8 སྲན་གྲེའུ་ཙམ་འམ། ཏིལ་འབྲུ་ཙམ་ཡང་རུང་། དེ་ཡང་ཐམས་ཅད་ལ་སྦྱིན་པར་བྱེད་ཀྱི། སྡུག་པ་རྣམས་ལ་མ་ཡིན། འདྲེས་པ་རྣམས་ལ་མ་ཡིན་ནོ།། དེ་འཚལ་པའི་ཚུལ་ཁྲིམས་ཀྱི་སེམས་གདུལ་བའི་ཕྱིར་ཚུལ་ཁྲིམས་བསྲུང་སྟེ།
149a9 ལུས་དང་ངག་དང་ཡིད་ཀྱིས་སྐྱོན་མྱེད་པར་བྱེད་པ་ཡིན། འདྲེན་པར་མྱི་བྱེད་པ་ཡིན། དག་ནོག་ཅན་དུ་མྱི་བྱེད་པ་ཡིན་ཏེ། ཚུལ་ཁྲིམས་དེས་བདག་ལ་སྟོད་པར་མྱི་བྱེད། གཞན་ལ་སྤོད་པར་མྱི་བྱེད་དོ།། དེ་གནོད་སེམས་ཀྱི་སེམས




iiif viewer powered by OpenSeadragon

148b - 149b

Texts on this page

Ng5.6 - 'phags pa tshangs pas zhus pa zhes bya ba theg pa chen po'i mdo