| e-texts navigator |
| Wylie |
148b1 མྱི་བྱེད་དོ།། ཇིམ་ན་གྱིསངས་པར་སྤྱོང་མ་གྲོས་ཡིད་ད། ཟངས་པ་འདིས་བྱུང་ཆུབ་སེམས་དཔའ་དབང་པོ་རྣམས་ཀྱི་ད་ལེགས་པར་སྲུངས་ཞིང་གནས་པ་ཡིན། ལེགས་པར་བསྔགས་པ་ཡིན། མཐུན་པའི་གནས་སུ་རྩུབ་ཡིན།
148b2 ཤིནང་ཏུ་བསྲུངས་པའི་དྲན་པ་དང་ལྡ་པ་ཡིན། རྟག་ཏུ་བཟུང་བའི་དྲུང་བ་དང་ལྡན་པ་ཡིན། དེ་དྲན་པས་ཡིད་ཀུན་ཏུ་བསྲུངས་པ་ཡིན། སུས་དང་གཞིན་ཏུ་བསྡམས་པ་ཡིན་ནོ།། མཐུན་པའི་གནས་སུ་རྒྱུལ་དྲ་པ་དང
148b3 བ་ཡིན་ཞིང་འདི་སྙམ་དུ་སེམས་བསྐྱེད་དེ། མྱི་ཞིག་གིས་བྱེ་མ་ཞིབ་མོ་ཤ་ནི་ཏུ་བསྲེགས་པ་ལག་པ་གཉིས་ཀྱི་སྙིམ་པས་བུཧྨས་ཏེ། མྱིཀྲ་གཉིས་བཀང་བ་ནི་ཟླའི།། ཆགས་པའི་སེམས་ཀྱིས་ཡུལ་གྱི་བཟང་མོ་ལ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ།།
148b4 དེ་ཅིའི་ཕྱིར་ཞེ་ན། བདག་ཡུལ་གྱི་བཟང་མོ་ལ་བལྟས་པས་ཡུན་རིང་པོར་ཕུ་དྲ་ཞིང་བཅོམ་ལ་མ་རུང་བར་འགྱུར་བའི་ཕྱིར་རོ།། སྙོམ་མོ།། དེ་དེ་ལྟར་ལུས་ལྱ། ལུས་ཀྱི་རྗེས་སུ་ལྟ་ཞིང་བཟའ་བ་དང་བཏུང་བ་དང་། གནས་དང་མལ་ཆ་དང
148b5 སྟན་རྣམས་ལ་དྲན་པ་ལེགས་པར་གནས་པ་ཡིན་ཏེ། དེ་དག་ལ་སྤྱོ། ད་པ་ནི་རོ་མྱང་བར་མྱི་བྱེད་ཅིང་ཆགས་པའི་སེམས་མྱེད་པ་ཡིན་ནོ།། ལ་ཏེ་དེ་ཡོངས་སུ་སྤྱོད་པ་ན་བདེ་བ་སྐྱེ་བ་ལྟ་ན་དེས་དེ་ལ་འདི་ལྟར་ཉེ
148b6 བརྟག་པར་བྱ་སྟེ། བདེ་བར་སྣང་བ་འདི་ནི་ཟློག་པའི་སྒོ་ནས་སྡུག་བསྔལཡིན་ཏེ། ཁམས་སུམ་པ་འདི་ནི་འདུས་བྱས་ཀྱི་དངོས་པོ་བདེ་བ་གང་ཡང་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། འདུས་བྱས་མྱི་རྟག་པའི་ཕྱིར་རོ།།
148b7 མཁས་པའི་རང་བཞིན་ཅན་དག་དངོས་པོ་མྱེད་རྟག་པ་རྣམས་ལ་བདེ་བའི་འདུ་ཤེས་ཇི་ལྟར་སྐྱེད་སྙམ་དུ་བརྟག་པར་བྱའོ།། ཚངས་པའི་ལ་གལ་ཏེ་བྱང་ཆུབ་སེམས་དཔའ་ཡོངས་སུ་སྤྱོད་པ་ན་སྡུག་བསྔལ་ཁོ་ན། སྐྱེ་བའི་བདེ་བ་ནི་མ་ཡི།
148b8 ཏེ། སྡུག་བསྔལ་དེས་ཀྱང་ཡོངས་སུ་གནོད་ཅིང་ཉོན་མོངས་མ་དེས་དེ་ལ་སེམས་འདི་ལྟར་ཉེ་བར་གཞག་པར་བྱ་སྟེ། ལུས་འདི་ན་སྙོམས་ཏེ་ཡོངས་སུ་སྦྱང་དགོས་པ་གསུམ་གིས་བསྒྲུབ་དགོས་པ་སྟེ། འདི་ནི་སྡུག་བསྔལ་བརྩོ
148b9 ཁས་བཟུང་བར་གྱི་ནུས་ཀྱི།། བདེ་བཅོམ་པས་གཟུང་བར་བྱ་བ་ཡིན་ཏེ། བདག་གིས་ལུས་བཏམ་ཞིང་འཚོབ་འདིས་དགེ་བའི་ཆོས་རྣམས་བསྒྲུབ་པར་བྱའོ།། དཔེརན་རྙེད་པ་འདོད་པའི་མོང་ས་ཞུར་བས་རྣམ་པཐོད