e-texts navigator
Collection
Volume
Page
Wylie

148a1 བས་ལུས་ཀྱི་སྐྱོན་དང་ལུས་ཀྱི་ཉེས་པ་སྤྱོད་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་སྤོང་ངོ་།། ཚངས་པ་བྱང་ཆུབ་སེམས་དཔའི་ལུས་ཀྱི་སྐྱོན་དང་ལུས་ཀྱི་ཉེས་པར་སྤྱོད་པ་དེ་དག་གང་ཞེ་ན། ཚངས།
148a2 པ་སྲོག་གཅོད་པ་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་སྐྱོན་དང་ལུས་ཀྱི་ཉེས་པར་སྤྱོད་པ་ཡིན་ནོ།། ཚངས་པ་མ་བྱིན་པར་ལེན་པ་དང་། མྱི་ཚངས་པར་སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་སྐྱོན་དང་། ལུས་ཀྱི་ཉེས་པར་སྤྱོད་པ་ཡིན་ནོ།།
148a3 ཚངས་པ་བྱང་ཆུབ་སེམས་དཔའ་ཇི་ལྟར་ན་སྲོག་གཅོད་པ་སྤོང་བ་ཡིན་ཞེ་ན། ཚངས་པ་འདི་ལ་བྱང་ཆུབ་སེམས་དཔའི་ནི་འདོད་ཆགས་ཀྱི་དབང་པོས་སྲོག་ཆགས་ཀྱི་སྲོག་གཅོད་པར་མྱི་བྱེད། ཞེ་སྡང་གི་དབང་དང་གཏི་མུག་གི་དབང་གིས
148a4 སྲོག་ཆགས་ཀྱི་སྲོག་གཅོད་པར་མྱི་བྱེད་དོ།། དེ་སེམས་ཅན་གཞན་དག་དང་གང་ཟག་གཞན་རྣམས་ལ་བདག་ཙམ་དུ་འདུ་ཤེས་པར་བྱེད་ཅིང་། སྡུག་པ་བུ་ཙམ་དུ་འདུ་ཤེས་པར་བྱེད་དེ།། བདག་ཉིད་ཀྱི་སེམས་ཅན
148a5 གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་སྲོག་གཅོད་པར་མྱི་བྱེད། དོ།། གཞན་དག་ཀྱང་གཅོད་དུ་མྱི་འཇུག་གོ།། གཞན་དག་སྲོགགཅོད་པ་ལ་ཡང་རྗེས་སུ་ཡི་རང་བར་མྱི་བྱེད་དོ།། བདག་གིས
148a6 མྱི་གཅོད་དོ།། གཞན་དག་ཀྱང་གཅོད་དུ་མྱི་འཇུག་གོ།། གཞན་དག་གཅོད་པ་ལ་ཡང་རྗེས་ཨུ་ཡི་རང་མྱི་བྱེད་དོ།། བདག་ཀྱང་མྱི་རྡེཀ་ཀོ།། གཞན་དག་ཀྱང་རྡེག་ཏུ་མྱི་འཇུག་གོ།། གཞན་དག་རྡེག་པར་བྱེད
148a7 པ་ལ་ཡང་རྗེས་ཨུ་ཡི་རང་བར་མྱི་བྱེད་དོ།། ཇི་ལྟར་མ་བྱིན་པར་ལེན་པ་སྤོང་བ་ཡིན་ཞེ་ན། ཚངས་པ་འདི་ལ་བྱང་ཆུབ་སེམས་དཔལ་ནི་སེམས་ཅན་རྣམས་ཀྱི་འཚོ་བའི་ཡོ་བྱད་གང་དག་ཡིན་པ་འདི་ལྟ་སྟེ། གསེར་དང་ནོར་བུ་དང་མུ་ཏིག་དང
148a8 བྱི་རུ་དང་དུང་དང་མན་ཤེལ་དང་བྱི་རུ་དཔ་ས་ལེ་སྐམ་དང་། དངུལ་ལས་བསྩོགས་པ་དང་། གོས་དང་རྒྱན་གྱི་རྣམ་པ་དག་དང་།། ནོར་བུ་དང་འབྲུ་དང་མཛོད་པཔ་པའི་རྣམ་པ་དེ་དག་ལ་ཆགས་པ་མྱི་བསྐྱེད། དེ་དག་ལ་རྣམ་པར་རྟོག་པར་མྱི་བྱེད
148a9 ཅིང་།། ཆུ་འཕྲོག་མྱི་བྱེད་དོ།། སུ་འཕྲོག་བྱེད་དུ་མྱི་འཇུག་གོ།། ཆུ་ཕྲོག་བྱེད་པ་རྣམས་ལ་རྗེས་སུ་ཡི་རང་བར་མྱི་བྱེད་དོ།། རེ་གྲོང་ན་ཡོད་པའམ་དཀོན་པ་མ་ཡོད་པ་མ་བྱིན་ཞིང་མ་གན་བའི་བཅཝ་འདབ་མ་ཙམ་ཡང་ལེན་པར་ཡང




iiif viewer powered by OpenSeadragon

147b - 148b

Texts on this page

Ng5.6 - 'phags pa tshangs pas zhus pa zhes bya ba theg pa chen po'i mdo