| e-texts navigator |
| Wylie |
147b1 པའི་དྲིང་བ། འཛག་པ་ཅན་བསྒྲིམས་ཏེ། རིམ་གྲོ་བྱ་དགོས་པ་ཡིན་པར་ཡང་དག་པའི་དྲན་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་སོ་སོར་རྟོག་གོ།། དེ་དེ་ལྟར་ཡང་དག་པའི་དྲན་པས་ལུས་ཀྱི་སྐྱོན་རྣམས་ཡང་དག་པ་ཇི་ལྟ་བ
147b2 བཞིན་དུ་རབ་ཏུ་ཤེས་པས་ལུས་ལ་ཆགས་པ་དང་། ལུས་ལ་ཀུན་ཏུ་འདོད་ཆགས་པ་དང་། སུས་ལ་བདག་གི་ཉིད་ཡིན་པ་མྱི་སྐྱེད་དོ།། དེ་ལུས་ལ་མྱི་སྟ་བས་སྲོག་ལ་ཆགས་པ། སྲོག་ལ་ཀུན་ཏུ་འདོད་ཆགས་དང་། སྲོག་ལ་བདག
147b3 ཀི་ཉིད་ཡིན་པ་མྱི་སྐྱེད་དོ།། དེ་ལུས་དང་སྲོག་ལ་མྱི་སྐ་བས་ཆོས་གོས་ངན་ངོན་དཔའ་ཟས་ངན་ངོན་དང་མལ་ཆ་དང་། སྟན་ངན་ངོན་དང་ན་བའི་གསོ་སྨན་དང་། ཡོ་བྱད་ངན་ངོན་ཙམ་དག་གིས་ཆོག་པར་འཛིན་པ་ཡིན་ནོ།། དེ་ཚངས་པ
147b4 མཚུངས་པར་སྤྱོད་པ་རྣམས་ཀྱི་བྱ་བ་གང་དག་ཡིན།། དོན་དང་ལྡན་བུ་རྣམས་སམ། དགེ་བ་དང་ལྡན་པ་རྣམས་ཀྱང་དེ་དག་ལ་སྟོང་པར་བྱེད། དྲེ། ཡོངས་སུ་མྱི་སྐྱོ་ཞིང་ཡོངས་སུ་ཡི་ཆད་པ་མྱེད་ལ་ཡོངས་སུ
147b5 བའི་སེམས་མྱི་བསྐྱེད་དོ།། དེ་མཉན་པོ་དང་སློབ་དཔོན་གི་གན་དུ་ལ། གྲོ་ན། དྲན་པ་དང་ལྡན་ཞིང་འདི་སྙམ་དུ་སེམས་ཏེ། མཁན་པོ་དེ། ཀ་ནི་བསྙེན་པར་དཀའ་བ། སློབ་དཔོན་དག་ནི་བསྙེན་པར་དཀའ་བ་སྷོ།།
147b6 བདག་དེར་སོང་བ་ན་སྡིག་པ་མྱི་དགེ་བ་ཀུན་ཏུ་སྤྱོད་པ་འགའ་ཞིག་གིས་བདག་ལ་གླེངས་ཤིང་དྲན་པར་བྱས་ནས།། མྱི་རུང་ངོ་སྙམ་ནས་ངོ་རྒྱུ་དེར་བརྐྱེན་དེ་དག་གཞི་དེས་སླབ་པ་རྣམས་ལ་གུས་པར་བྱེད་པར་འགྱུར་ཏེ།
147b7 ཏུང་པར་བྱེད་པ་དང་ལེགས་པར་བྱ་བ་བྱེད་པ་དང་། འངལ་དུ་བྱེད་པ་དང་། ཤིན་ཏུ་ཡོངས་སུམ་པར་དྲུགྲུ་པར་བྱེད་པ་ཅན་དུ་འགྱུར་རོ།། དེ་བསྲས་པ་རྣམས་ལ་གུས་པར་བྱེད་པ་ཉིད་དང་དུལ་བར་བྱེད་པ་ཉིད་དང་ལེགས་པར
147b8 བྱ་བ་བྱེད་པ་ཉིད་དང་། འནས་དུ་བྱེད་པ་ཉིད་དུ་ཤིན་ཏུ་ཡོངས་སུ་ཐར་ཐུག་པར་བྱེད་པ་ཉིད་ཀྱིས་མཁན་པོ་དང་སློབ་དཔོན་གྱི་གན་དུ་འགྲོ་བ་ནཱ། བག་ཚ་བ་མྱེད་པ་དང་བག་ཞུམས་པར་མྱེད་པར་འགྲོ་ཞིང་མྱི་འཇིགས
147b9 དང་། སྨན་ཅིག་འཕྲུལ་བའི་ནོད་པ་ཡང་ཀྱི་སྟེན་ཏེ། ཅིའི་བྱོར་ཞེན། གུས་པ་དང་བཅས་པ་ཞེས་དང་བཅས་པ་ཡིན་པ། རིགས་ཀྱི་ལག་མ་བཞིན་དུ་མཛེམ་པ་དང་ལྡན་པའི་ཕྱིར་རོ།། དེ་མཛེམ་པ་དང་ལྡན