e-texts navigator
Collection
Volume
Page
Wylie

147a1 ཕྱིམ་དེལ་བཞིན་གཤེགས་པས་རྟག་ཏུ་ཁྱོད་ལ་སྐབས་ཕྱེས།། ཚངས་པ་ཁྱོད་མི་པ་མི་འདོད་པ་དེ་བཞིན་གཤེགས་པ་ལ་ཞུས་པ་དེ་དང་དེ་ཉིད་ཀྱི་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་ནས་བཅོམ་ལྡན
147a2 འདས་ཀྱིས་སྐབས་ཕྱེ་བས། མྱི་མཇེད་ཀྱི་བདག་པོ་ཚངས་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་དུ་དང་ལྡན་ན་མྱུ་རང་ཏུ་བླ་ན་མྱེད་པ་ཡང་དག
147a3 པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་མྱི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ད་ཏོ།། ཚངས་པ་བྱང་ཆུབ་སེམས་དཔའ་སེམས
147a4 དཔའ་ཆེན་པོ་དག་ཆོས་ཅིག་དང་ལྡན་ན་མྱུར་དུ་བླ་ན་མྱེད་པ་ཡང་དག་པར་རྫོགུས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། ཆོས་གཅིག་གང་ཞེན། འདི་ལྟ་སྟེ་ལུས་ཀྱི་རྗེས་སུ་སོང་བའི་དྲན་པའོ།། ཚངས་པའི་བྱང།
147a5 ཆུབ་སེམས་དཔའི་ལུས་ཀྱི་རྗེས་སུ་སོང་བའི་དྲན་པ་ཇི་ལྟ་བུ་ཡིན་ཞེན། ཚངས་པ་འདི་ལ་བྱང་ཆུབ་སེམས་དཔའ་ནི་འགྲོའོ་སྙམ་པའི་དྲན་པའི་དང་། ལྡན་ཞིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། ལྡོག་གོ་སྙམ
147a6 དུ་དྲན་པ་དང་ལྡན་པ་ཡིན་ཞིང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ།། ཉལ་ལོ་སྙམ་པ་དང་ལྡང་ངོ་།། སྙམ་པ་དང་འཆག་གོ་སྙམ་པ་དང་། འདུག་གོ་སྙམ་དུ་དྲན་པ་དང་ལྡན་པ་ཡིན་ཞིང་ཡང་དག་པ་ཇི་ལྟ་བ་བཞིན་དུ
147a7 རབ་ཏུ་ཤེས་སོ།། དེ་གཅིག་པུ་དབེན་པར་འདུག་སྟེ། ནང་དུ་ཡང་དག་བཞག་ནས་འཇུག་པ་མྱེད་པའི་ཡིད་ཀྱིས་ལུས་འདི་ཉིད་ལ་འདི་ལྟ་སྟེ།། ཀྱེ་མ་ལུས་འདི་ནི་མྱི་རྟག་པ་མྱི་བརྟག་པ། རང་བཞིན་གྱིས་ཉམ་ཆུང་བའི་སྙིང་པོ
147a8 བྱེད་པ་ཟེར་ཟུག་མ་ཡིན་པ། རྣམ་པར་འཐོར་བའི་ཆོས་ཅན། རྣམ་པར་འཇིག་པའི་ཆོས་ཅན། རྟེན་ཅིང་འབྲེལ་པར་འབྱུང་བ་སྒྱུ་མ་དང་འདྲ་བ། ཟིལ་པའི་ཐིགས་པ་དང་འདྲ།། གཡོ་བ་མྱི་གནས་པ། མྱི་གཙང་བ
147a9 རྣག་གི་དྲི་ང་བ་ཅན།། རླུང་དང་ཉི་མས་མཐར་ཐུག་པ་མཐར་འདྲུས་པ་མཐར་རྡུལ་དུ་འགྱུར་བ།། ངན་སྤྱུགས་ཀྱི་མཐར་ཐུག་པ་ནད་མང་བ། གནོད་པ་ཅན་འགྲོ་བ་འི་ནད་དམཔ། ན་བ་འཇིག་པའི་ང་བ་ཅན།། རུས་པ་བསྩོགས




iiif viewer powered by OpenSeadragon

146b - 147b

Texts on this page

Ng5.6 - 'phags pa tshangs pas zhus pa zhes bya ba theg pa chen po'i mdo