e-texts navigator
Collection
Volume
Page
Wylie

146b1 པོ་ཁྱོད་ལ་མཆོད་པ།། དཔེར་ན་རི་ནི་རབ་ཏུ་མ་གཡོས་དང་། ཇི་ལྟར་རྒྱ་མཚོ་གཏིང་ནི་མྱི་དཔོགས་ལྟར།། བདུད་རྣམས་ཐམས་ཅད་ཀྱིས་ཀྱང་མྱི་གཡོས་ལ། ཐུབ་པ་སྐྱེས་བུ་མཆོག་ནི་བསམ་གཏན་མཛད། ཟང་ཟིང་ཀྱི།
146b2 མངའ་མཚམས་གྱི་མངའ་ཞིང་། ཐ་དད་ཀྱི་མངལ་རྟེན་པ་མྱི་མངལ་ལ།། གནས་ཀྱི་མངལ་ཞིང་ལྡང་བ་མྱི་མངའ་བ། ཐུབ་པ་སྐྱེས་བུ་དམ་པ་བསམ་གཏན་མཛོད།། རྟོག་གེ་རྣམས་ཀྱི་ཡུལ་ནི་མ་ལགས་ཤིང་།། བྱིས་པ།
146b3 རྣམས་ཀྱི་སྤྱོད་ཡུལ་མ་ལགས་ལ།། སེམས་དང་སེམས་ལས་བྱུང་ལས་རབ་འདས་པ། བསམ་གཏན་ཕ་རོལ་གཤེགས་པ་བསམ་གཏན་མཛད།། མགོན་པོ་སེང་གེ་བཞིན་དུ་གསུང་ཡང་སྤོགས།། ཐུབ་པ་འབྲུག་བཞི་ནི་སྲོག།
146b4 པ་རབ་ཏུ་མཛད། དཔལ་བོ་ཟླ་བ་བཞིན་དུ་རབ་ཏུ་མཛེས།། སེམས་ཅན་དཀོན་མཆོག་ཁྱོད་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས་མྱི་མཇེད་ཀྱི་བདག་པོ་ཚངས་པའི་བསྐུལ་པའི་ཚོགས་སུ་བཅད་པ་འདི་ལྟ་བུ
146b5 འདི་དག་གིས་བསྐུལ་པ་ཐུགས་སུ་ཆུད། ཇི་ལྟར་བསྐྱིལ་དཀྲུང་བཅས་པ་དེ་ཉིད་ཀྱིས་ཏིང་ངེ་འཛིན་དེ་ལས་བཞེངས་སོ།། བཞེངས་ནས་བཅོམ། ལྡན་འདས་ཀྱིས་མྱི་མཇེད་ཀྱི་བདག་པོ་ཚངས་པ་ལ་སྨན་པའི་ཕྱིར་མགུར
146b6 སུལ་བའི་སྒྲ་མཛད་པ་དང་། མྱི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ཏིང་ངེ་འཛིནད་དེ་ལས་བཞེངས་ཏེ། ཇི་ལྟར་སྐྱིལ་མོ་གྲུ་ང་བཅས་པ་དེ་ཉིད་ཀྱིས་བཞུགས་པར་མཐོང་ངོ་།། མཐོང་ནས་ཀྱང
146b7 བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིནད་ནས། བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་བ་བྱས་ཏེ།། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས
146b8 ཀྱི་ཁཇེད་ཀྱི་བདག་པོ་ཚངས་པས་བཅོབ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་བསྐབས་དབྱེ་བར་གན་ངན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང
146b9 དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་མྱི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ད་ཏོ།། ཚངས་པ་ཞུ་བ་ལུང་བསྟན་པཱ།




iiif viewer powered by OpenSeadragon

146a - 147a

Texts on this page

Ng5.6 - 'phags pa tshangs pas zhus pa zhes bya ba theg pa chen po'i mdo