| e-texts navigator |
| Wylie |
145b1 བཞི་བཅུ་དང་། དགྲ་བཅོམ་པ་བྱེ་བ་ཕྲག་དྲུག་བཅུ་དང་། ས་བྱེ་བ་ཕྲག་དགུ་བཅུམ་དགུ་རྣམས་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྤྱོད་དོ།། ། འཕགས་པ་རིན་ཅེན་དྲ་བ་ཅན་གྱིས་ཞུས
145b2 ཞེས་བྱ་བ་ཐེག་པ་ཆེན་མོའི་མ་། རྫོག་པའོ།། ། སྤྱན་གི་མམ་པོགཏམ་དག་། སོརྩས་པར་དྲི་ཞེས་རྗེས་འབྱུར་བ་ཆེན་རྒྱ་ལ་རྒྱའ་འ་རྙེད་པས་རྗེགས་ཀྱིས་ཞུས་ཏེ་གཏམ་པ
145b3 རྨུགས་སྐང་དུ། ཨནཱན་ས་ཕྱྀའི་ཟད་ཅརྣམས་གས་ན་སྱཱ་།། ཟོད་སྭཱ་ཐཱ། མགས་པ་ཚངས་པས་ཞུན་པ་ཞེས་ཀྱ་ཐེག་པ་ཆེན་པོའི་མངོ།། སངས་རྒྱས
145b4 ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བར་གྲ་གིས་ཐོས་པ་རུས་གཅིག་མ། བཅོམ་ལྡན་འདས་གྲོང་ཁྱེར་ཡངས་པ་ནཿལ་ཆེན་པོའི་ཁང་པ་བརྩེགས་པའི་གནས་ན། དགེ་སློང་ཁྲི་ཉི་སྟོང་གི་དགེ
145b5 སྲོང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དང། འཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས། བཅོམ་ལྡན་འདས་ཀྱི་ཉལ་ཙམ་གྱི་ནམ་གྱི་གུང་ཐུན་ལ། སྐྱིལ་མོ
145b6 ཀྲུང་བཅས་ནས་དྲན་པ་མངོན་དུ་བཞག་སྟེ། རྟོག་པ་དང་བཅས་པའི་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དཀའ་བ་དང་འདེད་ཅན་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་སོ།། བཅོམ་ལྡན
145b7 འདས་དེ་ལས་བཞེངས་ནས་རྟོག་པ་མྱེད་པར་པྱོད་པ་མྱེད་པ། ཏིང་ངེ་འཛིན་དུ་ལས་སྐྱེས་པའི་དཀའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་སོ།། བཅོམ་ལྡན་འདས་དེ་ལས་ཀྱང་བཞེངས་ནས།། དཀའ
145b8 བའི་འདོད་ཆགས་དང་བྲལ་བ། བཏང་སྙོམས་པ་དྲན་པ་དང་ལྡན་པ་བདེ་བར་གནས་པ། བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་སོ།། བཅོམ་ལྡན་འདས་དེ་ལས་ཀྱང་བཞེངས་ནས་བདེ་བ་ཡང་སྤངས་ཏེ།། སྭ
145b9 ནས་སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་ཡིད་མྱི་བདེ་བ་ཡང་ནུབ་པས་ཕྱིར་སྡུག་བསྔལ་ཡང་མྱེད་བདེ་བ་ཡང་མྱེད་པ། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ། བསམ་གཏན་བཞི་པ་ལ་སྙོམས་པར་འཉུག་སོ།།