| e-texts navigator |
| Wylie |
334b1 ལེགས་གསུངས་ཆོས་པ་ནི་གཞར་ཡང་ནུབ་མ་གྱུར་།། གང་དག་ཆོས་ཀྱི་ཚུལ་ནི་འདི་འཛིནད་པ།། དེ་དག་ལ་ནི་བདག་ཅག་བསྙེན་བཀུར་བཀྱི།། བདག་ཅག་ཐམས་ཅད་གུས་དང་བཅས
334b2 པར་ནི། ཀུན་ཏུ་སྲུང་ཞིང་སྦ་བར་གྲོ་བར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་བཀལས་ལད་པ། བློ་གྲོས
334b3 རྒྱ་མཚོ་ཆོས་ཀྱི་ཚུལ། ཆོས་ཀྱི་ཕྱག་རྒྱ་ཆོས་བཏུས་པ། ཆོས་རབ་ཏུ་རྣམ་པར་འབྱེད་པ། ཆོས་རབ་ཏུ་དབྱེ་བ་འདི་ནི་འདས་པ་དང་། མ་འོངས་པ་དང
334b4 ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཤད་པ་འཆད་པ་དང་། འཆད་པར་འགྱུར་བ་སྟེ། ཟོ་གྲོས་རྒྱ་མཚོ་ཁྱོད
334b5 ཀྱིས་དེ་ལ་གུས་པ་དང་། བཅས་པ་དང་། ཞེསདང་བཅས་པ་དང་། བསྒྲུབ་པ་སྙིང་པོར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས
334b6 བཀའ་མ་ཡང་ནས་བྱང་ཆུབ་སེམས་དཔའ་ས་མས་དཔའ་ཆེན་པ་ཟོ་གྲོས་རྒྱ་མཚོ་དང་ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས
334b7 དེ་དག་དང་། དགེ་སློང་གི་དགེ་འདུན་དང་། ལྷ་དང་། མྱི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན
334b8 འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་དོ།།