e-texts navigator
Collection
Volume
Page
Wylie

334a1 མཐའ་ཡས་ཏེ།། དེ་དག་མཐའ་ནི་བདེ་གཤེགས་མྱི་གསུང་ངོ་།། ནམ་མཁའི་ཁམས་དང་དེ་བཞིན་སེམས་ཅན་ཁམས།། སངས་རྒྱས་ཡེ་ཤེས་དང་ནི་བྱང་ཆུབ
334a2 སེམས།། ཆོས་བཞི་འདི་དག་དཔག་ཏུ་མྱེད་པ་སྟེ།། མཁས་པ་རྣམས་ཀྱིས་དེ་ཐོགས་དོགས་མྱི་བྱ།། དཀོན་མཆོག་ཆོས་འདི་རབ་ཏུ་བཤད་པ་ན།། ཕྱོགས་བཅུའི་ཞིང་ནི་བྱེ་བ
334a3 གཡོས་པར་གྱུར།། སྣང་བ་བྱུང་ཞིང་མེ་ཏོག་ཆར་ཀྱང་ཕབ།། སིལ་སྙན་བརྒྱ་དག་མ་བཀྲོལ་སྦྲ་ཡང་བྱུང་།། བྱང་ཆུབ་སེམས་དཔའ་མཁས་པ་དེ་དག་ཀུན
334a4 མགུ་ནས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ཆོས་བསྟན་འདི་འདྲ་འདི་ཟོས་བདག་ཅག་རྣམས།། འཚོ་བ་དོན་ཡོད་རྙེད་པ་ལེགས་པར་རྙེད།། གང་དག
334a5 འདི་འདྲ་འདི་ནི་ཐོས་འགྱུར་བ། སེམས་ཅན་དེ་དག་རྙེད་པ་ལེགས་པར་རྙེད།། གང་དག། བྱང་ཆུབ་སེམས་ནི་མྱི་བརྗོད་པ་དེ་དག་དེ་བཞིན་གཤེགས
334a6 བས་ཤིན་ཏུ་འཟུང་།། ཕྱོགས་བཅུའི་སངས་རྒྱས་སྟོང་ཕྲག་བྱེ་བ་རྣམས།། ཕྱག་ནི་གཡས་པ་རབ་ཏུ་བརྐྱང་མཛད། ཡོན་ཏན་རྒྱ་མཚོའི་གྱ་བོར་བཞག་ནས་ནི། ཤཀ་ཀྱ
334a7 སེང་གེའི་བསྐུལ་བ་ལེགས་ཤེས་གསུངས།། ལྷ་དང་ཀླུ་དང་ལྷ་བྱིན་མྱི་འམ་ཅི།། དྲི་ཟ་གནོད་སྦྱིན་མཁའ་ལྡིང་ལྟོ་འཕྱེ་ཆེ།། བརྒྱ་བྱིན་ཚངས་པ་འཇིག་རྟེན་བསྐྱོར་བ་རྣམས
334a8 ནམ་མཁར་གནས་ཏེ་ཆེད་དུ་བརྗོད་པ་བརྗོད།། ཤག་ཀྱི་སེང་གེ་འདི་དང་དགེ་འདུན་དང་།། མདོ་སྡེ་འདི་འདྲ་བ་ནི་འཛིན་བྱེད་པ།། བྱང་ཆུབ་སེམས་དཔའ་དཔའ་བོ་རོ་རེ་གནས་གྱུར།།




iiif viewer powered by OpenSeadragon

333b - 334b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo