e-texts navigator
Collection
Volume
Page
Wylie

333a1 ཀུན་དགའ་བོ་ལྟ་བུའི་སེམས་ཅན་དེ་དག་གི་དྲན་པ་དང་། གཟུངས་གི་སྟོབས་དེ་ནི་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོའི་དྲན་པ་དང་། གཟུངས་ཀྱི་སྟོབས་བསྐྱེད་པའི་བརྒྱའི་ཆར་ཡང་ཉེ་བར་མྱི
333a2 འགྲོ་བ་ནས། དཔེའི་བར་དུ་ཡང་མྱི་བཟོད་དོ།། འོད་སྲུང་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ནི། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་འཛིནད་ཏེ།། དེ་བཞིན་གཤེགས
333a3 པ་གཅིག་གིས་ཆོས་བསྟནད་ནས།། དེ་བཞིན་གཤེགས་པ་གཉིས་ཀྱི་ཆོས་བསྟནད་པ་ལ་བསྒྲིབ་པ་འམ། ཀུན་ནས་ལྡང་བའི་བྱ་བ་མྱི་བྱེད་དོ།། འོད་སྲུང་འདི་ལྟ་སྟེ། དཔེར་ན། རྒྱ་མཚོ
333a4 ཆེན་པོར་ཤིང་རྟའི་སྲོག་ཤིང་ཙམ་གི་ཆར་པའི་རྒྱུན་འབབ་པའི་ཆུའི་རྒྱུན་གཅིག་གིས་ཆུའི་རྒྱུན་གཉིས་པ་ས་བསྒྲི་བ་འམ། ཀུན་ནས་ལྡང་བའི་བྱ་བ་མྱི་བྱེད་དེ། ཆུའི་རྒྱུན་ཐམས
333a5 ཅད་རྒྱ་མཚོ་ཆེན་པོས་བླངས་ནས། དེ་ལ་འགྲི་བ་འམ། གང་བ་ཡང་མྱེད་དོ།། འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ། སངས་རྒྱས་བཅོམ་ལྡན་འདས
333a6 ཐམས་ཅད་ཀྱི་ཆོམ་ཟསྟེ་དད་པ། ཀུན་ཏུ་འཛིན་ཀྱང་དེ་བཞིན་གཤེགས་པ་གཅིག་གིས་ཆོས་བསྟནད་པས། དེ་བཞིན་གཤེགས་པ་གཉིས་གིས་ཆོས་བསྟནད་པ་ལ
333a7 བསྒྲིབ་པ་འམ། ཀུན་ནས་ལྡང་བའི་བྱ་བ་ཀྱི་བྱེད་དེ། དེའི་དྲན་པའི་སྟོབས་བསྐྱེད་པ་ལ། འབྲི་བ་འམ་གང་བ་བྱེད་དོ།། བསྟན་པ་འདི་བཤད་པ་ན། སྲོག་ཆགས་བརྒྱ་སྟོང་གིས
333a8 བླ་ན་བྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། ཚིག་འདི་སྐད་ཅེས་བདག་ཅག་ཀྱང་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་དྲན་པའི་སྟོབས་བསྐྱེད་པ་ཅི་འདྲ་བ
333a9 དེ་འདྲ་བར་གྱུར་ད་ཅིག་ཅེས་སྨྲས་སོ།། ཐམས་ཅད་དང་ལྡན་པའི་འཁོར་ཀྱིས་ལྷ་དང་། མྱིའི་མྱེ་ཏོག་གིས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་གཏོར།




iiif viewer powered by OpenSeadragon

332b - 333b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo