e-texts navigator
Collection
Volume
Page
Wylie

332b1 ཀྱིས་རླབས་ཀྱིས་འདི་ལྟར་ཉན་ཐོས་ཀྱང་འདི་ལྟ་བུའི་མདོ་སྡེ་འདི་འཛིན་ཅིང་སྟོན་པ་ནི། དེ་བཞིན་གཤེགས་པའི་བྱིན་གི་རླབས་ཇི་ཙམ་དུ་བསམ་གྱིས་མྱི་ཁྱབ་པ་ངོ་མཚརྡ་ཏོ།། སྙམ་དུ་སེམས་པར
332b2 གྱུ་རང་ཏོ།། དེ་ནས་འཁོར་དེ་ལས་ལྷ་དང་མྱི་ཁ་ཅིག་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་འདི་དྲན་པ་དང་ལྡན་པ་ཡིན་གི། གང་བཅོམ་ལྡན་འདས་ཀྱིས་མང་དུ་ཟོས་པའི་མཆོག
332b3 ཏུ་བསྟན་པ།། ཚེ་དང་ལྡན་པ་ཀུན་དགའ་བོ་ནི་དེ་ལྟ་བུ་མ་ཡིན་ནོ་སྙམ་མོ།། དེ་ནས་ཚེ་དང་ལྡན་པ་འོད་བསྲུང་ཆེན་པོས་འཁོར་དེའི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཤེས་ནས། འཁོར་གི་སེམས
332b4 རྣམས་ལ་རྣམ་པར་བལྟས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་རབ་ཏུ་དྲན་པ་དང་ལྡན་པ་ལགས་ཀྱི།
332b5 གང་བཅོམ་ལྡན་འདས་ཀྱིས་མང་དུ་ཟོས་པ་རྣམས་ཀྱི་མཆོག། ཏུ་བསྟན་པ་ཚེ་དང་ལྡན་པ་ཀུན་དགའ་བོ་ནི་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའས་ལ་ད
332b6 པ། འོད་སྲུང་གང་ཀིའི་ཀླུང་གི་བྱེ་མ་སྙེད་ཀི། སངས་རྒྱས་ཀྱི་ཞིང་དག་ན། སེམས་ཅན་ཇི་ཙམ་སེམས་ཅན་དུ་བསྡུ་བར་བསྡུས་པའི་སེམས་ཅན་གི་ཁམས་ནི
332b7 རབ་ཏུ་མང་གི།། སའི་ཁམས་ནི་དེ་ལྟ་མ་ཡིན་ནོ།། ཞེས་གང་དེ་སྐད་དུ་བྱ་བ་དེ་ལ་ཇི་སྙམ་དུ་སེམས།། འོད་སྲུང་སེམས་ཅན་གི་ཁམས་དེ་མར་རམ། འོད་སྲུང་གིས་གསོལ
332b8 པ། བཅོམ་ལྡན་འདས་མང་ལགས་སོ།། བདེ་བར་གཤེགས་པ་ཚད་མ་མཆིས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སཿལད་པ། འོད་སྲུང་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ
332b9 སེམས་ཅན་དེ་དག་སྔ་ཕྱི་མྱེད་པར་མྱིའི་ལུས་ཐོབ་པར་གྱུར་ད་ལ། དེ་བཞིན་དུ་ཇི་ལྟར་དགེ་སློང་ཀུན་དགའ་བོ་ལྟར་དྲན་པ་དང་། གཟུངས་ཀྱི་སྟོབས་དང་ཡང་ལྡན་པར་གྱུར་ཀྱང་།།




iiif viewer powered by OpenSeadragon

332a - 333a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo