e-texts navigator
Collection
Volume
Page
Wylie

332a1 དུ་ལུང་སྲིད། ནམ་མཁའ་ནི་གཟུགས་ཀྱི་རྣམ་པར་བསྟན་དུ་རུང་ཡང་སྲིད། མེ་ནི་ཆུར་འགྱུར་ཡང་སྲིད་། ཙུ་ནི་མེར་འགྱུར་ཡང་སྲིད། འབྱུང་བ་ཆེན་པོ་བཞི་ནི་གཞན་དུ་འགྱུར་ཡང་སྲིད།།
332a2 ངསེམས་ཅན་ཐམས་ཅད་རྩོལམས་ནི་གཅིག་ཏུ་བྱར་ཆུང་ཡང་སྲིད།། ནམ་མཁའ་དངས་ནི་འབྱར་ཀྱང་སྲིད་ཀྱི།། དེ་བཞིན་གཤེགས་པའི་བྱིན་གི་རླབས་ནི་སུས་ཀྱང་བསྐྱོད་པ་འབྲུ། གཡོ་བ་འམ། འཛྲ།
332a3 པར་བྱེད་ཀྱི་ནུས་སོ། ཤེས་གཟུངས་ཐོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་རྒྱ་ཁོར་བྱག་བཞག་སྟེ། མེ་དང་ལྡ་བཀུང་དགའ་བོས་འདི་སྐད་ཅེས་བཀའ་མ་ལད་ཏ
332a4 ཀུན་དགའ་བ་ཁྱོད་ཀྱིས་དམ་པའི་ཆོས་སུར་རིང་དུ་གནས་པར་བྱ་བར་ཉེ་བར་བཟུང་སྟེ། ཆོས་ཀྱི་རྣམ་གྲངས་འདི་ཟུང་ཞིག་ཆོངས་ཤིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག།
332a5 གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་བློ་གྲོས་རྒྱ་མཆོས་འདི་སྐད་ཅེས་གསོལར་ཏོ།། བཅོམ་ལྡན
332a6 འདས་ཀྱིས་དོན་གི་དབང་གཟིགས་ན། དེ་ལྟ་མ་ལགས་པ། རྒྱ་མཚོ་དང་མཚོ་ཆེན་པོ་ལྟར་གཏིང་དཔག་དཀའ་བའི་དྲན་པ་དང་། བློ་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔའ
332a7 གཞན་དག་མཆིས་བཞིན་དུ་དགེ་སློང་ཀུན་དགའ་བོ་ཉི་ཅི་བའི་འཚལ་བ་དང་། ལྡན་པ་ལ་ཆོས་ཀྱི་ལེའུ་འདི་ཡོངས་སུ་གཏད། བཅོམ་ལྡན་འདས་ཀྱིས་བཀའ་ཅས་ལད་པ་བློ་གྲོས་རྒྱ་མཚོ
332a8 དགེ་སློང་ཀུན་དགའ་བོ་རང་གི་བློའི་སྟོབས་བསྐྱེད་པས། མདོ་སྡེ་འདི་ལྟ་བུ་འཛིན་པ་མ་ཡིན་གྱི། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་འཛིན་ཏོ།། བློ་གྲོས་རྒྱ་མཚོ་སེམས་ཅན་གང་དག
332a9 དགེ་སློང་ཀུན་དགའ་བོ་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན། དགའ་བ་དང་དད་པ་དང་། མཆོག་ཏུ་དགའ་བ་ཐོབ་པར་འགྱུར་བ་ཡོད་དེ། དེ་དག་འདི་སྙམ་དུ་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་བྱིན




iiif viewer powered by OpenSeadragon

331b - 332b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo