e-texts navigator
Collection
Volume
Page
Wylie

331b1 དགེ་བའི་ཆབ་བསྒྱུར་པའི་སེམས་ཅན་རྣམས་ཀྱི་སུག་པར་མཆི་བ་དང་།། མཆོད་དུ་འཇུག་པ་དང་། གླེགས་ཁམ་དུ་འགྱུར་ཞིང་ནུབ་པར་གྱི་འགྱུར་བར། བཅོམ་ལྡན་འདས་ཉིད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས
331b2 བརླབ་ཏུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་གསོལ་བ་བཏབ་ནས་མཁྱེན་ནས།། མཛོད་ཡུ་ནས་འདི་ལྟ་བུའི་འོད་ཕྱུང་སྟེ། འོད་དེས་སྟོང་གསུམ་གི་སྟོང་ཆེན
331b3 པོའི་འཇིག་རྟེན་གི་ཁམས་འདི་སྐད་བ་ཆེན་པོས་ཁྱབ་པར་གྱུར་ནས། སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་གི་ཁམས་འདི་ན། ཆ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་དང་། རྡོ་དང་། རྒྱ་མོ་དང་།
331b4 གཟུགས་སུ་སྣང་བ་གང་དག་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་གཟུགས་སུ་སྡང་ངོ་། རིན་པོ་ཆེ་བཀོད་པའི་འཁོར་བྱམས་ན་མཆོད་པའི་ལས་བྱིན་ཀྱིས་བརླབ་པའི་གཟུགས་ཀྱི་རྣམ་པ་གང
331b5 དག་ཡོད་པ་དེ་དག་ཀྱང་། དེ་བཞིན་གཤེགས་པའི་གཟུགས་ཏེ། ད་དུ་གནས་པར་ཀུན་ཏུ་སྣང་ངོ་།། དེ་བཞིན་གཤེགས་པའི་གཟུགས་དེ་དག་གི་གསུང་གཅིག་ཏུ། ཀྱེ་མའོ་ཆོས་ཀྱི་རྣམ
331b6 གྲངས་འདི་ནི། བཅོམ་ལྡན་འདས་ཤག་ཀྱ་ཐུབ་པས་བྱིན་ཀྱི་རླབ་ས་སོ།། གང་བཅོམ་ལྡན་འདས་ཀྱིས་བྱིན་ཀྱིས་བརླབས་པ་དེ། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས
331b7 ཐམས་ཅད་ཀྱིས་བྱིན་ཀྱིས་བརླབས་པའོ།། གང་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དེ། བདུད་ཐམས་ཅད་ཀྱིས་བར་ཆད་བྱ་བར་མྱི་ནུས་སོ།། བཅོམ་ལྡན་འདས་གལ་ཏེ་གང་གའི
331b8 ཀླུང་གི་བྱེ་མ་སྙེད་ཀྱི་བདུད་དཔུང་དང་། བཅས། གཡོག་འཁོར་དང་བཅས་ཏེ་ཆོས་ཀྱི་རྣམ་གྲངས་འདི་ལ་བར་ཆད་བྱ་བར་རྟུན་ཀྱང་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་བར་ཆད་བྱ་བར་མྱི་ནུས་སོ།། དེ་ཅིའི་ཕྱིར
331b9 ཞེ་ན། ས་ནི་དགས་ཀྱང་སྲིད་རྒྱ་མཚོ་ཐམས་ཅད་ནི་སྐམ་ཡང་སྲིད། རི་རབ་ཐམས་ཅད་ནི་རྣམ་པར་འཐོར་ཡང་སྲིད། རླུང་ནི་ཞགས་པས་བཅིང་དུ་རུང་ཡང་སྲིད། ཉི་མ་དང་ཟླ་བ་ནི་སའི་སྟེང




iiif viewer powered by OpenSeadragon

331a - 332a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo