| e-texts navigator |
| Wylie |
331a1 ལ་ཡང་སྟོན་ལུང་མ་མནོས་པ་དང་། སྔོན་མ་ཐོས་པའི་ཆོས་རྣམས་ཀྱང་མངོན་དུ་འགྱུར་བ་སྟེ། འཁོར་དེར་མྱི་མཇེད་ཀྱི་བདག་པོ་ཚངས་པ་འོངས་པར་རིག་པར་བྱའོ།། དེ་ནས་མྱི་མཇེད་ཀྱི་བདག་པོ་ཚངས་པ་འཁོར་དེ་ཉིད་དུ
331a2 ཏུ་འདུས་པར་གྱུར་ཏེ་འདུག་པ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་བདག་ཚངས་པའི་འཇིག་རྟེན་དུ་གནས་ཏེ། བསམ་གཏན་དང་། ཚད་མྱེད་པའི་བདེ་བ་ལ་གནས་པ་བོར་ལ། གང་ན་ཆོས་ཀྱི
331a3 ནམ་གྲངས་འདི་སྟོན་པའི་འཁོར་དེར་མཆི་བར་བགྱིའོ།། ཆོས་སྨྲ་བ་དེ་ལ་ཡང་ཆོམ་བརྒྱད་བསྒྲུབ་པར་མཅིག་བརྒྱད་གང་ཞེ་ན། ཇི་ལྟར་ཐོས་པའི་ཆོས་ཀྱི་བསྐྱུད་པར་བགྱི་བའི་སླད་དུ། དེ་ལ་དྲན་པ་བསྒྲུབ་པར་བགྱི། ཆོས་ཟབ་མོ
331a4 རྟོགས་པར་བགྱི་བའི་སླད་དུ། དེ་ལ་བློ་གློས་བསྒྲུབ་པར་བགྱི། དོན་གྱི་དམ་པ་རྟོག་པར་བགྱི་བའི་སླད་དུ། དེ་ལ་རྟོགས་པར་བསྒྲུབ་པར་བགྱིབེ་ཙོམ་ཐམས་ཅད་གཅད་པའི་སླད་དུ། དེ་ལ་སྤོབས་པ
331a5 བསྒྲུབ་པར་བགྱི།། སྐད་དང་ངེས་པའི་ཚིག་ཐམས་ཅད་ཀྱིས་ཡོངས། སུ་ཚིམ་པར་བགྱི་བའི་སླད་དུ། དེ་ལ་ལུང་བསྟནད་པ་ཕུན་སུམ་ཚོགས་པ་བསྒྲུབ་པར་བགྱི།། འཁོར་ཐམས་ཅད་ཟིལ་ཀྱིས
331a6 གྱི་ནོན་པར་བགྱི་བའི་སླད་དུ། དེ་ལ་འདུལ་བའི་བསྲུང་བ་བསྒྲུབ་པརབགྱི།། མྱི་དམན་པར་ལུང་བསྟན་པར་བགྱི་བའི་སླད་དུ། དེ་ལ་ཆོས་ཀྱི་སྣང་བ་བསྒྲུབ་པར་བགྱི།། དེ་བགྱིད་ཅིང་ཆོས་བསྒྲུབ་པ
331a7 འི་སླད་དུ། དེ་ལ་ངེས་པར་འབྱུང་བའི་སྒོ་བསྒྲུབ་པར་བགྱི་སྟེ། བཅོམ་ལྡན་འདས་ཆོས་སླ་བ་དེ་ལ་ཆོས་བརྒྱད་པོ་དེ་དག་བསླབ་པར་བགྱིའོ།། ཆོས་སྨྲ་བ་དེ་བསྲུང་ཞིང་སྲ་པ་དང་། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པར
331a8 བགྱི་བའི་སླད་དུ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱི་བྱིན་གྱི་རླབས་ཀྱིས། ཇི་ལྟར་ཆོས་ཀྱི་རྣམ་གྲངས་རྒྱས་པར་འགྱུར་བ་ལྟར།། བདུད་ཐམས་ཅད་དངབས་ཀྱི་རྒོལ་པ་ཐམས་ཅད་ཤིན་ཏུ་ཚར་གཅད་པར
331a9 བགྱིའོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཏེ། ཐ་མའི་དུས་ཀྱི་ཚེ། ཅི་ནས་ཀྱང