| e-texts navigator |
| Wylie |
330b1 ཝི། སཱར་ཏེ། དཱ་མཿ་ཐ་པྲཱ་བར་ཅནན། ཀ་མུ་ས་ཏྭ་བི་གོ་དྷ་དང་། པྲ་ཎི་ཀྲི་པད་དཱ་མ། ད་ག་མ་ལ་དཱན། བུད་དྷ་ས་དྷི། ཀྵ་ནམ་མ་ཊཱི་ཀོ་པ་ཡ། བློ་གྲོས་རྒྱ་མ་མོ་གྱི་མཇེད་ཀྱི་བདག་པོ་ཚངས་པ་དཀྲུག་པའི་ཚིག།
330b2 འདི་དག་ཆོས་སྦ་བ་དེས་ལེགས་པར་ཁ་ཏོར་དུ་བྱས་ལ། ཚངས་པའི་ལམ་ལ་ཤིན་ཏུ་གནས་ཏེ། ཞེ་འགྲས་པ་མྱེད་པའི་སེམས་ཀྱི་རྒྱུད་དང་དབང་པོ་ཤིན་ཏུ་སྦས་པ་དང་། ཤིན་ཏུ་བསྲུངས་པའི་དྲན་པ་དང་། ཤིན་ཏུ་དཀར་བའི་ཕྱག་རྒྱ་དང་།
330b3 ཤིན་ཏུ་ཡོངས་སུ་དག་པའི་ལུས་ཀྱི་ལས་དང་། ཤིན་ཏུ་བདེན་པས་ཟིན་པའི་ངག་གི་ལས་དང་། ཤིན་ཏུ་བརྟན་པའི་བློ་དང་། ལེགས་པར་བྱས་པའི་བཟོད་པའི་ལས་དང་། ཤིན་ཏུ་ཡོངས་སུ་སྦྱངས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ལེགས
330b4 པར་བཁམས་པའི་བརྩོན་འགྲུས་གི་སྟོབས་དང་། ཤིན་ཏུ་བསྟེན་པའི་མང་དུ་བོས་པ་དང་། ཤིན་དུ་ཡོངས་སུ་བསྒོམས་པའི། སེམས་ལས་སུ་རུང་བ་དང་། ཤིན་ཏུ་རྣོ་བའི་ཤེས་རབ་ཀྱི་དབང་པོ་དང་། ཤིན་ཏུ་བརྩོན་པའི་ཡང་དག་གི
330b5 སྦྱོར་བ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་ལེགས་པར་ཟིན་པ་དང་། ཤིན་ཏུ་ཡོངས་སུ་བསྒོམས་པའི་བྱམས་པ་དང་། ཤིམ་ཏུ་བརྟན་ཐོམ། སྙིང་རྗེ་ཆེན་པོས།། སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཡང་དག་པར
330b6 བསྐྱེད་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས། ཤིནད། ཡོངས་སུ་གྲོལ་བའི་ཕྱིར། སེང་གེའི་ཁྲི་ལ་འདུག་སྟེ། གྱི་མཇེད་ཀྱི་དག་པོ་ཚངས་པ་བསམས་ལ། ཆོས་ཀྱི་གཏམ་ཡང་དག་པར་རབ
330b7 ཏུ་འརྗོད་ན།། དེ་བསམས་མ་བག་ཏུ་ཚངས་པ་ཚངས་རིས་ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་ཏུ་འོང་བར་འགྱུར་རོ།། བློ་གྲོས་རྒྱ་མཚོ་དེ་ལ་ཚངས་པ་འོང་བར་འགྱུར་བའི་ལྷས་ནི་འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ།
330b8 འཁོར་ཐམས་ཅད་བྱམས་པའི་སེམས་སུ་གྱུརྡ་པ་དང་། དབང་པོ་ཉམས་པ་བྱེད་པ་དང་། གཅིག་ལ་གཅིག་མྱི་གནོད་པར་གནས་པ་དང་། ཆོས་དང་ཆོས་སྦ་བ་ལ་སྟོནད་པ་དང་། བླ་མ་ལྟར་འཕངས་པར་སེམས་པ་དང་། བལ་མོ
330b9 སྦྱོར་བ་དང་། སེམས་ཚེ་གཅིག་པའི་དང་། མྱི་གཡེང་བར་ཡིད་ལ་བྱེད་པ་དང་། རུས་ཤིང་ལྟར་བྱེད་པ་དང་། ཡིད་ལ་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱིས་སེམས་པ་དང་། རྣ་བླགས་ཏེ་ཉན་པར་འགྱུར་བའོ།། ཆོས་སྨྲ་བ་དེ