| e-texts navigator |
| Wylie |
330a1 ཆོས་ཀྱི་ཚུལ་ལ་ཡུན་རིང་དུ་གནས་པའི་འདུ་ཤེས་བསྐྱེད་ལ། སྔགས་ཀྱི་ཚིག་འདི་དག་མངོན་དུ་བྱས་ཏེ། ཆོས་ཀྱི་གཏམ་བྱེད་ན། དེའི་འཁོར་ཡུག་དཔག་ཚད་བརྒྱ་ཚུན་ཆད་དུ། བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་མྱིག
330a2 གིས་མྱི་ཚོལ་བར་བྱ་བའི་ལས་ཀྱི་ཕྱིར་འོང་བར་མྱི་འགྱུར་རོ།། གང་དག་འོང་བ་དེ་དག་ཀྱང་བར་ཆད་བྱེད་པར་མྱི་ནུས་སོ།། དེ་ནས་བཅོམ་ལྡན་འདས་ལ་བདུད་སྡིག་ཅན་གིས་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས
330a3 གང་བདག་ཅག་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འཇིག་རྟེན་གི་ཁམས་བདེ་བ་ཐམས་ཅད་ཀྱིས་བརྒྱན་པར་འཕགས་པ། སྐྱེས་བུ་དམ་པ་དེ་དག་བྱིན་གི་རླབས་དང་། རྫུ་འཕྲུལ་དང་། ཆོ་འཕྲུལ་འདི་བདག་ལ་མངོན་སུ
330a4 དུ་གྱུ་རད་ཏོ།། བཅོམ་ལྡན་འདས་བདག་དེང་སླན་ཅད་བདུད་ཀྱི་སུག་ལས་ཐམས་ཅད་འདོར་རོ།། གང་ན་ཆོས་ཀྱི་རྣམ་གྲངས་འདི་སྟོན་པ་དང་། ཡང་དག་པར་རབ་ཏུ་སྟོན་པར་འགྱུར་བའི་གྲོང་ངམ། གྲོང་ཁྱེར
330a5 རམ། གྲོང་རྡལ་ལམ་གཙུག་ལག་ཁང་དེར་ཆོས་མཉན་པའི་སླད། དུ། བདག་ང་རྒྱལ་མ་མཆིས་པ་དང་། གུས་པ་དང་བཅས་ཞིང་ཞེ།། ས་དང་བཅས་པས་མཆི་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས
330a6 བཀའ་མས་ལད་པ།། སྡིག་ཅན་ལེགས་སོ་ལེགས་སོ།། ཁྱོད་ཆོས་ལ་གུས་པའི་རྣམ་པར་སྦྱིན་པ་འདིས།། རིམ་གིས་བདུད་ཀྱི་ལས་ཐམས་ཅད་ལས་ཤིན་ཏུ་འདས་ཏེ། གང་སྐྱེས་བུ་དམ་པ་དེ་དག་གིས་ཐོཟ་པའི
330a7 ཆོས་དེ་དག། རྗེས་སུ་ཐོབ་པར་འགྱུར་རོ།། བློ་གྲོས་རྒྱ་མཚོ་གཞན་ཡང་མྱི་མཇེད་ཀྱི་བདག་པོ་ཚངས་པ་བཀུབ་པའི་སྔགས་ཀྱི་ཚིག་བརྗོད་པར་བྱ་སྟེ། དགུག་པའི་སྔགས་ཀྱི་ཚིག། དེ་དག་གིས་ཚངས་པའི་བཀུག་ནས་ཆོས་སྦ་བའི་གན་དུ
330a8 འོང་བར་འགྱུར་རོ།། སྔགས་ཀྱི་ཚིག་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། མེ་ཏཱ་ག་རེ། ཀ་རུ་ནཱ་ཀ་རེ། མུ་དྷ་ཏ་ཀ་རེ། ཨ་པེ་ག་ཀྐ་ཀ་རེ། བུད་དྷ་ཀ་རེ། དྷརྨ་ཀ་རེ། སར་གྷ་ཀ་རེ། སུ་ཏྲྀ་ཏ་བི་ཛ་ཡེ། མ་ཧ་བི་དྷ་ནི། ནི་སྭ་རི་ད་ཀྵེ། ཨོ་ཛ་པ་ད་ཏ
330a9 ཨོ་ཛོ་ཀ་མེ། དཱ་རྨན་ད་ནི། ས་ཏྱ་པྲ་ཏི་ཀཱ་ནེ། ཨུ་པ་བད་ཏི་བི་ཤུད་དྷེ། སྭ་ཙི་ཏོ་པ་ཤ་མེ། བྱ་བ་ལོ་ཀ་ཡ། པྲ་མ་ན་བྱཱང་ཏིཥྛ་ས་མ་དྷེ། ཨ་བེད་ཀཱ་ས་དཱ་རྨ་ཙ་ར་ནན། ཀུ་རུ་སད་དྷ་མ་པ་རི་ཀྲ་ཧ་ན། ཀྲི་ཏ་མ་ནུ་པ་ལ་ཡཱ། བུད་ད་ནེ། ཏཱི་མ་མཱ་བྱ་ཚེ་བ