| e-texts navigator |
| Wylie |
329b1 བཅུ་ཆ་གསུམ་གི་ལྷ་རྣམས་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་པར་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སེམས་དཔའི
329b2 སྤྱོད་པ་འདི་ལས་བསྟན་པའི་སླད་དུའོ།། བཅོམ་ལྡན་འདས་བདག་གིས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ལ་གུས་པར་བགྱིས་ཏེ། ཆོས་ཀྱི་རྣམ་གྲངས་འདི་རྒྱ་ཆེར
329b3 ཡང་དག་པར་རབ་ཏུ་བསྟན་པར་འགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཀེའུ་ཤི་ཀ་ཁྱོད་ཀྱིས་དམ་པའི་ཆོས་ཡོངས་སུ་བཟུང་བའི་ཕྱིར་སེང་གེའི་སྒྲ་བསྒྲགས་པ་ལེམ
329b4 སོ་ལེགས་སོ།། ལྷའི་དབང་པོ་ཁྱོད་ཀྱིས་ཆོས་རྣམ་གྲངས་འདི་བས་མས་ན། ལྷ་རྣམས་ནི་རྒྱལ་ཞིང་ལྷ་མ་ཡིན་རྣམས་ནི་ཕམ་པར་འགྱུར་བར་ཤེས་པར་བྱའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་བདུད་དང་། བཅུད་གི
329b5 རིས་ཀྱི་ལྷ་རྣམས་ཚར་བཅད་པའི་སྔགས་ཀྱི་ཚོགས་རྣམས་བརྗོད་པར་བྱ། སྟེ། སྔགས་ཀྱི་ཚིག་དེ་དག་གིས་བདུད་དང་བདུད་གི་རིས་ཀྱི་ལྷ་རྣམས། ཚར་གཅོད་པར་འགྱུར་རོ།། སྔགས་ཀྱི་ཚིག་འདི་དག་གང་ཞེ་ན། འདི
329b6 གྷ་སྟེ། ཤ་མེ། ཤ་མ་བ་ཏི། ན་མི་ཤ་ཏྲུ། སང་ཀུ་རེ། མང་ཀུ་རེ། མ་ར་ཛི་ཏེ། ཀཱ་ར་ཎྜེ། ཀེ་སུ་ལེ། ཏེ་ཛོ་པ་ཏི། སྣརོ་ལོ་ལ་ནི། བི་ནཥཱ། ནི་མ་མ་ལཱ་བ་ན་ཡཱཾ། ཞུ་འུ་རེ། ཁ་ཀེ། ཀྲ་སེ། གྲ་ས་ནེ། ཨོ་མུ་ཁི། བ
329b7 ར་མུ་ཥི། ཨ་མུ་ཝི། ཀ་གྱི་ཏ་ནི། ས་ར་གྲ་ཧ་བན་དྲཱ་ད་ནི། ནི་གྲྀ་པྲྀཏ། ས་རྦ་བ་ར་པྲ་བ་དི། འི་ཨུག་ཏ། མཱ་ར་བ་ཀ། སཱ་བི་ཏྲེ། བུད་དྲཱ། མུ་དྭེ། ཨ་ནུ་ཀ་ཏི་ཏ། སརྦ་མ་རི། སུཙ་རིཏ། པད་བཱ་རི་གུང་དྷ། བི་གང་ཆར་དུ། མ་རྦ་མ་ར
329b8 ཀ་མ་ནི།། ཐོ་གྲོས་རྒྱ་མཚོ་འདི་དག་ནི་བདུད་ཅད་པའི་ཚིག་ཉོན་མོངས་པ་བསལ་བའི་ཆོག་སྟེ། དེ་དག་ཆོས་སྨྲ་བ་དེས་ལེགས་པར་ཁ་ཏོན་དུ་བྱས་ལ། ཆོས་ཀྱི་ཁྲི་ལ་འདུག་སྟེ། བྱང་ཆུབ་ཀྱི་རྣམ་པ་མངོན་པར་བསྒྲུབ
329b9 པའི་བྱམས་པས་འཁོར་ཐམས་ཅད་ལ་ཁྱད་པར་དུ་བྱས་ལ། བདག་ལ་སྨན་པར་འདུ་ཤེས་བསྐྱེད་དེ། ཆོས་ལ་སྨན་གི་འདུ་ཤེས་དང་། ཆོས་ཉན་པ་ལ་ནད་པའི་འདུ་ཤེས་དང་། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས་དང