e-texts navigator
Collection
Volume
Page
Wylie

329a1 ཅི་ནས་གང་གིས་ཀྱང་བསྒྲིབ་པ་འམ། གནོད་པ་བགྱིད་པར་མྱི་འགྱུར་བའི་སླད་དུ། མཆི་བར་བགྱིའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་ལྷའི་དབང་པོ་བརྒྱ་བྱིན་དཀུག་པའི་ཚིག་བརྗོད་པར་བྱ་སྟེ། ཚིག་དེ་དག་གིས་ལྷའི་དབང་པོ
329a2 བརྒྱ་བྱིན་དགུག་པར་བྱའོ།། ལྷའི་དབང་པོ་བརྒྱ་བྱིན་དགུག་པའི་ཚིག་འདི་དག་གང་ཞེ་ན། འདི་ལྟ་སྟེ། ཛ་ཡེ་ཛ་ཡ་མ་ཏི། ཨད་ཊེ། མད་ཊེ། མ་ཀུ་རེ། སིད་དྷ་མ་ཏི། ཤུད་དྷེ། ཤན་ཏི་ཀ་རི། ན་ད་ནེ། ད་ན་དེ། ད་ཏ་མ་ཏི། ཏད་ཀ་རེ་ཀཱ་ཡེ། ཀྭ
329a3 ཡ་མུ་ཁེ། ཨ་བད་ཏ་ནི། བི་བད་ཏ་ནི། བ་རི་བད་ཏ་ནི། བ་རི་ཆེ་དེ། སྨི་ཏི་སྥོ་ཏི།། སན་དྷི། ཨ་ཀང་ཙ་ཀོའུ་ཤི་ཀ་རྫི་ཏ། ཨ་སུ་ར། ཛ་ཡན་ཏི་དེ་བ། ས་མ་ཡ་སྟེ། ཨ་རག་དྷོ། དཱ་མ་ནི་ཛི་ཏོ། ར་མ་ཧི། སྭ་སྱཱ། ཡ་ནམ། བུ་ཏ་ན་མ། ཨཱ་ར
329a4 ཀ་དྷ་རྨ་ཙ་རི་ནམ།། བློ་གྲོས་རྒྱ་མཚོ་འདི་དག་ནི་ལྷའི་དབང་པོ་བརྒྱ་བྱིན་དགུག་པའི་ཚིག་སྟེ། དེ་དག་གིས་ལྷའི་དབང་པོ་བརྒྱ་བྱིན་དགུག་པར་འགྱུར་རོ།། དེར་སྨྲ་བ་དེས་སྔགས་ཀྱི་ཚིག་འདི་དག་ལེགས་པར་ཁ་ཏོན་ཏུ་བྱས་ལ།
329a5 གཙང་བ་དང་། གཙང་བའི་ཆོ་གས་ལེགས་པར་བྱས་ཏེ། གོས་བཟང་། པོ་བགོས་ལ་ཤར་ཕྱོགས་སུ་མེ་ཏོག་གཏོར་ཏེ།། སངས་རྒྱས་ཐམ། ས་ཅད་བསམས་པའི་དྲན་པ་དང་། སེམས་ཅན་ཐམས་ཅད་ལ། སྙིང
329a6 རྗེ་ཆེན་པོ་དང་རབ་ཏུ་ལྡན་པས།། སེར་གེའི་ཁྲིལ་འདུག་སྟེ། ལྷའི་དབང་པོ་བརྒྱ་བྱིན་བསམས་ལ།། ཀོའུ་ཤི་ཀ་འཁོར་ལེགས་པར་ཡོངས་སུ་གཞག་པའི་ཕྱིར་ཚུར་ཤོག། སྔགས་གྲུབ་པ་མངོན་སུམ་དུ་གིས།
329a7 དེའི་བསཔ་བཞིན་ཏུ་རྣམ་པར་དག་ཅིང་ཡོངས་སུ་དག་ལ། ཚུལ་ཁྲིམས་ཡོངས་སུ་དག་པས་བསམས་མ་བག་ཏུ་ལྷའི་དབང་པོ་བརྒྱ་བྱིན་འོངས་ནས། འཁོར་ཡོངས་སུ་འཇོག་པར་འགྱུར། སྔགས་ཀྱི་གྲུབ་པ་ཡང་ཉེ་བར་གྲུབ་པར་འགྱུར།
329a8 དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ཡང་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོ་ལང་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ཡོངས་སུ་བཟུང་བ་དང་། ཡུན་རིང་དུ་གནས
329a9 པར་བགྱི་བའི་སླད་དུ། བདག་ཆོས་སྨྲ་བ་དེའི་དྲུང་དུ་མཆི་བར་བགྱི།། དེའི་འཁོར་ཀྱང་ཡོངས་སུ་གཞག་པར་བགྱི། སྔགས་ཀྱི་གྲུབ་པ་ཉེ་བར་བསྒྲུབ་པར་བགྱིའོ།། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་སུ




iiif viewer powered by OpenSeadragon

328b - 329b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo