| e-texts navigator |
| Wylie |
328a1 པའི། བྱང་ཆུབ་སེམས་དཔའ་རྣམས་ལ་གང་གིས་ཀྱང་བདུད་ཀྱི་ལས་བྱེད་མྱི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། ལྷག་པའི་བསམ་པ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། ཇི་ལྟ་ཇི་ལྟར་བདུད་ཀྱི་ལ
328a2 བྱེད་པའི་དེ་ལྟར་དེ་ལྟར། བྱང་ཆུབ་སེམས་དཔའ་རྣམས་ཆེས་སྟོབས་དང་ལྡན་པ་ཞིང་བཚོན་བཀྲུས་ཆོམ་མོ།། བཙུན་པ་ཤ་ར་དྭ་ཏིའི་བུ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་གང་དག་བྱང་ཆུབ་སེམས་རྣམས་ལ་བདུད་ཀྱི་ལས་བྱེད་པ་དེ
328a3 ཉིད་སངས་རྒྱས་ཀྱི་འཕྲིན་ལས་སུ་བརྗོད་ཀྱི།། བདུད་ཀྱི་ལས་ནི་མ་ཡིན་པར་འདི་ལྟར་རིག་པར་བྱའོ།། སངས་རྒྱས་ཀྱི་ཞིང་ཀུན་ཏུ་བསྟནད་པ་དང་། བདུད་ཀྱི་ཆོ་འཕྲུལ་བསྟན་པ་འདི་བཤད་པ་ན། འཁོར་དེ་ལས་སྲོག་ཆགས་ཉི
328a4 ཁྲིས་བླ་ན་བྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བདུད་ཀྱི་འཁོར་དེ་ལས་ཀྱང་ལྷའི་བུ་ཁྲིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། མགྲིན་གཅིག་ཏུ་བཅོམ་ལྡན་འདྲ
328a5 བདག་ཅག་འཇིག་རྟེན་གི་ཁམས་བདེ་བ་ཐམས་ཅད་ཀྱིས་བརྒྱད་པ་དེར། སྐྱེ་བར་གྱུར་ད་ཅིག་ཅེས། ཚིག་དེ་སྐད་ཅེས་སྦས་པ་དང་། བཅོམ་ལྡ། ན་འདས་ཀྱིས་ཀྱང་དེ་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་ལུང་བསྟན་ཏོ།
328a6 སངས་རྒྱས་ཀྱི་ཞིང་ཀུན་ཏུ་བསྟ་ན་པའི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་བཅོམ་ལྡན་འདས་ལ་བྱང
328a7 ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་འདི་ནི་བར་ཆད་མང་བ། ཕྱིར་རྒོལ་བ་མང་བ་ལགས་ན། གང་འདི་ལྟ་བུའི་མདོ་སྡེ་འདི་དག་དེ་བཞིན
328a8 གཤེགས་པའི་བྱིན་གྱི་རླབས་ནུབ་པར་མྱི་འགྱུར་ཞིང་། རྒྱས་པར་འགྱུར་བ་དང་། གང་དག་འཛིན་པ་དང་། ཀློག་པ་དང་། སྟོན་པ་དེ་དག་ལ་ཡང་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་གླགས་རྙེད་པར་མྱི་འགྱུར་བ་དང་། དམ་པའི
328a9 ཆོས་ཡུན་རིང་དུ་གནས་པ་དང་། མདོ་སྡེ་འདི་ལྟ་བུ་འདི་དག་ཀྱང་ཀུན་ཏུ་བསྲུང་བ་དང་། སྭ་བ་དང་། ཡོངས་སུ་བཟུང་བའི་སླད་དུ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལེགས་པར་བྱིན་ཀྱི་རླབས་སུ་གསོལ།། དེ་སྐད་ཅེས