e-texts navigator
Collection
Volume
Page
Wylie

327b1 ཐོང་ནས་ཀྱང་ཐམས་ཅད་དང་ལྡན་པའི་འཁོར་དེ་རོ་མཚར་དུ་གྱུར་ད་ནས། རང་རང་གི་པད་མའི་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པུདྨད་རབ་ཏུ་འཇོམ་པ་དེ་ལ་ཕྱག་འཚལ་ནས།། དེ་དག་གིས་མུ་ཏིག་གི
327b2 གཏོརང་ངོ་།། གཏོར་མ་ཐག་ཏུ་སངས་རྒྱས་ཀྱི་མབུས་འོངས་ནས། བཅོམ་ལྡན་འདས་ཀྱིས་ཀྱི་གཙུག་གི་མཚམས་སུ་མེ་ཏོག་གི་ཁང་པ་ཆགས་པ་ཆེན་པོར་གནས་པ་ཀུན་ཏུ་སྣང་ངོ་།། དེ་ནས་བདུད་སྡིག་ཅན་གིས་བཅོམ་ལྡན་འདས་དེ
327b3 བཞིན་གཤེགས་པ་བདུད་རབ་ཏུ་འཇོམ་པ་དེ་ལ་འདི་སྐད་ཅེས་གསོལར་ཏོ།། བཅོམ་ལྡན་འདས་བདག་མྱི་མཇེད་ཀྱི་འཇིག་རྟེན་གི་ཁམས་སུ། བཅོམ་ལྡན་འདས་ཤག་ཀྱ་ཐུབ་པའི་གན་དུ་མཆིའོ།། བཅོམ་ལྡན་འདས་དེས་བཀའ་#
327b4 པ། རིགས་ཀྱི་བུ་དེའི་དུས་ལ་བབ་པར་ཤེས་ན་ཁྱོད་སོང་ཤིག་དང་།། དེ་ནས་བདུད་སྡིག་ཅན་གིས། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས། སངས་རྒྱས་ཀྱི་ཞིང་དེ་ནས་མྱི་སྣང་བར་གྱུར
327b5 ཏེ།། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོའི་བྱིན་གི་རླབས་དང་། རྫུ་འཕྲུལ་གིས་སྐད་ཅིག་ཁང་ཅིག་ཡུད་ཙམ་དེ་ལ་ཕྱི་མཇེད་གི་འཇིག་རྟེན་གི་ཁམས་འདིར་གནས་པར་གྱུརང་ཏོ།། དེ་བཅོམ་ལྡན་འདས་ག་ལ
327b6 བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་ཟམ་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། དེ་ནས་ཚེ་དང་ལྡན
327b7 བ་ཤ་ར་དྭ་ཏིའི་བུས་བདུད་སྡིག་ཅན་ལ་འདི་སྐད་ཅེས་སྨྲས་སོ།། གྲོགས་པོ་ཁྱོད་ཀྱིས་འཇིག་རྟེན་གི་ཁམས་བདེ་བ་ཐམས་ཅད་གིས་བརྒྱན་པ་དེ་མཐོང་ངམ།། སྦས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་བདག་གིས་འཇིག་རྟེན་གི་ཁམས་དེ་ཙམ
327b8 དུ་ཡོངས་སུ་དག་པ་དེ་མཐོང་སྟེ། ཇི་ལྟར་དག་ཅིང་དྲི་མ་མྱེད་པའི་སེམས་ཅན་གི་མཆོག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་དེ་ངོ་མཚར་ཏོ།། བདག་གིས་དེ་མཐོང་ནས་ཀྱང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེཾས
327b9 བསྐྱེད་དོ།། སྦས་པ། གྲོགས་པོ་ཁྱོད་ཀྱིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཁྱོད་ཡང་བདུད་ཀྱི་ལས་ལ་བྱེད་དམ།། སྤྲས་པ་བཙུན་པ་ཤ་ར་དྭ་ཏིའི་བུ་ལུག་པའི་བསམ་པ་ལ་ཡང་དག་པར་ཞུག




iiif viewer powered by OpenSeadragon

327a - 328a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo