| e-texts navigator |
| Wylie |
327a1 ལྡན་འདས་དེ་བཞིན་གཤེགས་པ་ཤག་ཀྱ་ཐུབ་པ་ག་ལ་བ་དེ་ལོགས་སུ་མེ་ཏོག་གཏོར་ཏོ།། གཏོར་མ་ཐག་ཏུ་སངས་རྒྱས་ཀྱི་མཐུས་འོངས་ནས། བཅོམ་ལྡན་འདས་ཤིག་ཀྱ་ཐུབ་པའི་སྤྱི་གཙུག་གི་མཚམས་སུ་མེ།
327a2 ཏོག་གི་གཏུགས་ཆེན་པོར་གྱུར་ད་ཏོ།། དེར་ཐམས་ཅད་དང་ལྡན་པའི་འཁོར་དེས་མེ་ཏོག་གི་གཏུགས་དེ་མཐོང་ནས་ངོ་མཚར་དུ་གྱུར་ད་ཏེ། བཅོམ་ལྡན་འདས་གང་མེ་ཏོག་གི་གཏུགས་འདིར་གྱུར་ད་པའི་མེ་ཏོག་འདི་དག་གང
327a3 ནས་མཆིས།། བཅོམ་ལྡན་འདས་ཀྱིས་བཀའ་སཿལང་བ། གྲོགས་པོ་དག་མེ་ཏོག་འདི་དག་ནི་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གི་ཁམས་དེ་ནས་འོངས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གིས་ང་ལ་མཆོད
327a4 པའི་ལས་ཀྱི་ཕྱིར་གཏོར་ཏོ།། གསོལ་པ། བཅོམ་ལྡན་འདས་པ་དག་ཅག་གིས་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གི་ཁམས་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཏུད་རབ་ཏུ་འཇོམ་པ་དེ་དང་།
327a5 བདུད་སྡིག་ཅན་འཇིག་རྟེན་གྱི་ཁམས་དེ་ན། ཅི་བགྱིད་པ་བལྟ་བར། བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱི་འཁོར་དེས་གསོལ་བ་བ། ཏབ་པ་མཁྱེན་ནས། བྱང་ཆུབ་སེམས་དཔའ་གྲོ་གྲོས་རྒྱ་མཚོ་ལ
327a6 བཀལསཿལང་པ།། རིགས་ཀྱི་བུ་ཁྱོད་ཀྱིས་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གི་ཁམས་དེ་དང་། བཅོམ་ལྡན་འདས་དེ་བཞིན་ག་ཤེགས་པ་བདུད་རབ་ཏུ་འཇོམ་པ་དེ་དང་། བདུད་སྡིག་ཅན་དེ་འཁོར།
327a7 འདི་ལ་སྔོན་ཅིག། དེ་ན། བཅོམ་ལྡན་འདས་ཀྱིས་སྐབས་བྱེ་བས། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས། སོར་མོ་བཅུ་ལས་འོད་ཟེར་སྟོང་ཕྲག་བཅུ་ཕྱུང་ནས། འོད་ཟེར་དེ་དག་གིས་སངས་རྒྱས་ཀྱི་ཞིང་གང་འགའ་གའི་ཀླུང་བཅུ
327a8 གཉིས་གི་བྱེ་མ་སྙེད་པོ་དེ་དག་ལས་འདས་ཏེ། བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གི་ཁམས་སྡང་བ་ཆེན་པོས་ཁྱབ་པར་གྱུར་ཏོ།། དེར་ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། བདེ་བ་ཐམས་ཅད་ཀྱིས་བརྒྱད་པའི་འཛི།
327a9 རྟེན་གི་ཁམས་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་བཅོམ་པ་དེ་དང་། བདུད་སྡིག་ཅན་ཆོས་ཀྱི་ཁྲི་ཆེན་པོ་ལ་འདུག་སྟེ། འདུས་པ་ཆེན་པོའི་ལེའུའི་གཏམ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོནད་པ་ཡང་མཐོང་ངོ་།།