e-texts navigator
Collection
Volume
Page
Wylie

326b1 ཡུའི་ཕུང་ཐམས་ཅད་ནས། ཇི་ལྟར་བཅོམ་ལྡན་འདས་ཤག་ཀྱ་བུབ་པས་འདུས་པ་ཆེན་པོའི་ལེའུ་རབ་ཏུ་བཤད་པ་ལྟ་བུའི་གཏམ་བྱུང་སྟེ། ཡི་གེ་དེ་དག་དང་། ཚིག་དང་ཡི་གེའི་འབྲུ་དེ་དག་དང་། མཉམ་ཞིང་གྱི་ཉུང་མྱི་མང་བ་མ་ལྷག་པ
326b2 འགྱུར་བ་དེ་ལྟ་བུའི་བྱིན་ཀྱི་རླབས་བྱས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་བདུད་སྡིག་ཅན་དེ་ལས་འདུས་པ་ཆེན་པོའི་ལེའུའི་གཏམ་ཐམ་ནས་ངོ་མ་ཆར་ཏུ་གྱུར་ཏེ། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ
326b3 ཏོ།། བཅོམ་ལྡན་འདས་བདག་ནག་འཇིག་རྟེན་གི་ཁམས་ཀྱི་མཆེད་དེ་དང་བཅོམ་ལྡན་འདས་དེ་བཞིན་གཤེག་པ་ཤཀ་ཀྱ་ཐུབ་པ་དེ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་དེ་དང་། ཕྱོགས་བཅུའི་འཇིག་རྟེན་གི་ཁམས་ན
326b4 འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་བལྟ་བར་བགྱིའོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམ་པས། མཛོད་སྲ་ནས་གཟུགས་ཐམས་ཅད་སྟོན་པ་ཞེས་བྱ་བའི་འོད་ཟེར་ཕྱུང་སྟེ། འོད
326b5 ཟེར་བྱུང་བ་དེས་སངས་རྒྱས་ཀྱི་ཞིང་གང་འགའི་ཀླུང་བཅུ་གཉིས་ཀྱི་བྱ། མ་སྙེད་དེ་དག་ལས་འདས་ཏེ། འཇིག་རྟེན་གི་ཁམས་ཀྱི་མཇེད་འདི། སྣང་བ་ཆེན་པོས་ཁྱབ་པར་གྱུ་རད་ཏོ།། དེར་བྱང་ཆུབ་སེམས་དང།
326b6 དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་བཤག་ཀྱ་ཐུབ་པའི་ན་པོ་ཆེ་བཀོད་པའི་འཁོར་ཀི་ཁྱམས་ན། བསྐལ་པ་བརྒྱར་ཡང་བསྡུ། ས་པ་མཐར་གྱི་ཕྱི་ནད་པའི་སེང་གེའི་ཁྲི་ཆེན་པོ་ལ་བཞུགས་ཏེ།
326b7 ཕྱོགས་བཅུའི་འཇིག་རྟེན་གི་ཁམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་ཡང་དག་པར་སྟོན་པ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ཡང་མཐོང་ངོ་།།
326b8 འཇིག་རྟེན་གི་ཁམས་ཀྱི་མཇེད་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་གཅིག་ལྟ་བུར་གནས་པ་འདི་ཡང་མཐོང་ངོ་།། དེ་ན་སྒྲིབ་པ་ཅི་ཡང་མྱེད་པར་མཐོང་ངོ་།། ཕྱོགས་བཅུའི་འཇིག་རྟེན་གི་ཁམས་ནས་འདུས་པའི་བྱང་ཆུབ་སེཾས
326b9 དཔའ་རྒྱང་གྲགས་ཀྱི་ཚད་ཙམ་གི་རིན་པོ་ཆེའི་པད་མ་དག་ལ་འཁོད་ཅིང་ཆོས་ཉན་པ་དེ་དག་ཀྱང་མཐོང་ངོ་།། མཐོང་ནས་ཀྱང་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་བསྐྱེས་ནས།། བཅོམ




iiif viewer powered by OpenSeadragon

326a - 327a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo