e-texts navigator
Collection
Volume
Page
Wylie

325b1 ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་ལག་པ་གཡས་པ་གསེར་གི་ཁ་དོག་ཅན་རྐྱང་སྟེ། བདུད་སྡིག་གི་སྤྱི་བོར་བཞག་ནས། བདེན་པ་དང་བདེན་པའི་ཚིག་གང་གིས། བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱི་སེར་སྣ་དང་། སློབ
325b2 དཔོན་ཆོས་གི་དཔེ་མཁྱུད་མྱེད་པའི་བདེན་པ་དང་བདེན་པའི་ཚིག་དེས། བདག་གི་རྫུ་འཕྲུལ་ཀི་རྐང་པ་ཅི་འདྲ་བར་བདུད་སྡིག་ཅན་གི་ཡང་དེ་འདྲ་བར་གྱུར་ད་ཅིག་ཅེས། དེ་ལྟ་བུའི་བདེན་པའི་བྱིན་གྱི་རླབས་བྱས་སོ།། བྱང་ཆུབ་སེམས།།
325b3 དཔའ་བློ་གྲོས་རྒྱ་མཚོས་ཚིག་དེ་སྨྲས་མ་ཟག་ཏུ། དེ་ནས་བདུད་སྡིག་ཅན་རྫུ་འཕྲུལ་གི་སྟོབས་མཆོག་དང་ལྡན་པར་འགྱུར་ཏེ། དེས་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་པར་བྱས་ནས། སངས
325b4 རྒྱས་ཀྱི་ཞིང་འདི་ནས་མྱི་སྣང་བར་གྱུར་པ་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོའི་བྱིན་རླབས་ཀྱིས། སྐད་ཅིག་ཟང་ཅིག་ཡུད་ཙམ་དེ་ལ། བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གི་ཁམས་དེར་གནས་པར་གྱུར
325b5 ཏོ།། དེ་ནས་བདུད་སྡིག་ཅན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་རབ་ཏུ་འཇོམ་པ་ག་ལ་བ་དེར་སོང་སྟེ་ཕྱི་ནང་ནས། བཅོམ་ལྡན་འདས་ཀྱི་ཞག
325b6 ལ་མགོ་བོས་ཕྱག་འཚལ་ཏེ། ལན་བདུན་བསྐོར་བ་བྱས་ནས། ཕྱོག། ས་གཅིག་ཏུ་འདུག་གོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེས་ས་པ་བདུད་རབ་ཏུ་འཇོམ་པ་དེའི་སངས་རྒྱས་ཀྱི་ཞིང་དེ་ན། བདུད་ལས
325b7 བཏུལ་བའི་བྱང་ཆུབ་སེམས་དཔའ་གང་དག་འཁོད་པ་དེ་དག་གིས་བདུད་སྡིག་ཅན་དེ་མཐོང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བཏུད་རབ་ཏུ་འཇོམ་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས
325b8 ཅན་གང་དབང་ཆུང་ཞིང་མདོག་ངན་ལ་མྱི་སྟུག་པ་འདི་ལྟ་བུ་འདི་གང་ནས་མཆིས།། བཅོམ་ལྡན་འདས་དེས་བཀའ་མཿལད་པ། རིགས་ཀྱི་བུ་ནུབ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས། གྲང་འགའི་ཀླུར་བཅུ་གཉིས་ཀྱི
325b9 བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན་འཇིག་རྟེན་གི་ཁམས་མྱི་མཆེད་ཅེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤག་ཀྱ་ཐུབ་པ་ཞེས་བྱ་བ་བཞུགས་སོ་འཚོའོ་བཞེས




iiif viewer powered by OpenSeadragon

325a - 326a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo