e-texts navigator
Collection
Volume
Page
Wylie

325a1 སྟོན་ཏེ། དེ་ན་ཐེག་པ་གཞན་གི་མྱིང་ཡང་མྱེད་དོ།། བཙུན་པ་ཤ་རིའི་བུ་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གི་ཁམས་དེ་ནི་དེ་འདྲ་སྟེ། དེར་ཕངས་ན་ཕྱིས་བདུད་ཀྱི་ལས་བྱེད་པར་མྱི་འགྱུར་གི། བདུད་ལས་བཏུལ་བའི
325a2 བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷན་ཅིག་ཏུ་བྱང་ཆུབ་ཏུ་སེམས་སྐྱེད་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ།། དེ་ནས་བདུད་སྡིག་ཅན་སྔངས་སྐྲག་འཇིགས་ཏེ། ཡུ་བིང་ཞེས་བྱེད་ནས།། འཁོར་དེ་ནས་འ
325a3 འགྲོ་བར་འདོད་ན་འགྲོ་མ་ནུས་ཏེ། མྱི་སྣང་བར་མ་གྱུརྡ་ནས། དེ་དེ་བས་ཀྱང་ཆེར་སྔངས་ཤིང་སྐྲག་སྟེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས། འདི་སྐད་ཅེས་གསོལ་ད་ཏོ།། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས
325a4 འཇིག་རྟེན་གི་ཁམས་དེར་འཕང་བར་མྱི་འགྱུར་བར། བཅོམ་ལྡན་འདས་བདག་ལ་སྐྱབས་སུ་གསོལ།། བདེ་བར་གཤེགས་པ་བདག་ལ་སྐྱབས་སུ་གསོལ་པ། བཅོམ་ལྡན་འདས་ཀྱིས་བཀལ་སཿལ་ད་པ། སྡིག
325a5 མ་འཇིགས་ཤིག། སྐྱེས་བུ་དམ་པ་འདི་ལྟ་བུ་དག་ནི། སེམས་ཅན་ལ། རྣམ་པར་འཚེ་བའི་ཕྱིར་གནས་མ་ཡིན་ནོ།། སྡིག་ཅན་ཁྱོད་བྱང་ཆུ། པ་སེམས་དཔའ་བློ་གྲོས་རྒྱ་མཚོ་འདི་ལ་བཟོད་པ་གསོལ་ཅིག་དང་། འདི
325a6 ཉིད་ཁྱོད་ལ་སྐྱོབ་པར་འགྱུར་རོ།། དེ་ནས་བདུད་སྡིག་ཅན་གིས་ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་ཕྱག་འཚལ་ནས་འདི་སྐད་སྨྲས་སོ།། སྐྱེས་བུ་དམ་པ་ཁྱོད་བདག་ལ་བཟོད་པར་མཛད་དུ་གསོལ། བདག
325a7 བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་དེར་གྱི་འཕང་བར་གསོལ།། ཇི་ལྟར་ན་གང་ན་སྐྱེས་བུ་དམ་པ་ཁྱོད་ལྟ་བུ་ཆོམ་སྟོན་པར་འགྱུར་བའི་འཁོར་དེར་བར་ཆད་བགྱི་བའི་སླད་དུ་ལན་འགའ་ཡང་གྱི་མཆི་བར་གྱི་འགྱུ
325a8 བ་དེ་ལྟར་བགྱིའོ།། བློ་གྲོས་རྒྱ་མཚོས་གསོལ་པ། སྡིག་ཅན་ཁོ་བོ་ལྟ་བུ་དག་ལ་བཟོད་པས་གསོལ་མྱི་དགོས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་ཐམས་ཅད་ལ་ཤིན་ཏུ་བཟོད་པ་ཉིད་དོ།། སྡིག་ཅན་ཁྱོད་བདེ་བ་ཐམས
325a9 ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གི་ཁམས་དེར་སོང་ལ་འཇིག་རྟེན་གི་ཁམས་ཀྱི་བཀོད་པ་དེ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམ་པ་དེ་ལ་ལྟོས་ཤིག་དང་། ཁྱོད་ལ་འཚེ་བར་མྱི་འགྱུར་རོ།། དེ་ནས་བྱང




iiif viewer powered by OpenSeadragon

324b - 325b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo