| e-texts navigator |
| Wylie |
324b1 སངས་རྒྱས་ཀྱི་ཞིང་འདི་ནས་གར་འགའི་ཀླུང་བཅུ་གཉིས་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་འདས་པ་ན། བདེ་བ་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བའི་འཇིག་རྟེན་གི་ཁམས་ཡོད་དོ།། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག
324b2 པར་རྫོགས་པའི་སངས་རྒྱས་བདུད་འཇོམ་པ་ཞེས་བྱ་བ་ཆོས་སྟོན་ཏོ།། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་དེ་བདེ་བ་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་ཞེ་ན། བཙུན་པ་ཤ་རིའི་བུ་བདེ་བ་ཐམས་ཅད་ཀྱིས་བརྒྱད་པའི་འཇིག་རྟེན
324b3 གི་ཁམས་དེ་ན། བདེ་བའི་རྒྱུ་དང་ཡོན་ཏན་གི་རྒྱུ་དང་བཀོད་པའི་རྒྱུ་བསྐལ་པར་བརྗོད་ཀྱང་ཟད་པར་མྱི་ནུས་ཏེ། དེའི་ཕྱིར་འཇིག་རྟེན་གི་ཁམས་དེ་བདེ་བ་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱའོ།། གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན
324b4 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་རབ་ཏུ་འཇོམ་པ་དེས་བྱང་ཆུབ་ཐོབ་པའི་དེའི་ཚེ། དེ་བྱང་ཆུབ་ཀྱི་དསྙིང་པོ་ལ་འདུག་སྟེ། ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ལུས
324b5 ལས་བཅུད་ཀུན་བསྐུལ་བ་ཞེས་བྱ་བའི་འོད་ཟེར་ཕྱུང་ནས། འོད་ཟེར་དེས་བསྐུལ་པ་དང་། འཇིག་རྟེན་གི་ཁམས་དེ་ན་བདུད་བྱེ་བ་ཕྲག་བརྒྱ་འཁོད་པ་བདུད་རེ་རེ་ཞིང་གཡོག་འཁོར་བྱེ་བ་བརྒྱ་ཕྲག་བཅུ་ཡོད་པ
324b6 དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའ་བར་ཆད་བྱ་བར་བསམས་པ་དང་། བྱང་ཆུབ་སེམས་དཔའ་ལ་བར་ཆད་བྱེད་མ་ནུས་ཏེ། དེ་དག་ངོ་མཚར་དུ་གྱུར་ནས། བཅོམ་ལྡན
324b7 འདས་དེའི་ཞབས་གཉིས་ལ་གཏུགས་སོ།། དེས་ཀྱང་ཇི་ལྟར་དེ་དག་བསམ་པ་ཐག་པ་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་བཏུད་དེ་དག་ལ་ཆོས་བསྟན་ནས། བཅོམ
324b8 ལྡན་འདས་དེ་ཕྱིས་བྱང་ཆུབ་ཐོབ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་དེ་བདུད་རབ་ཏུ་འཇོམ་པ་ཞེས་བྱའོ།། དེ་བྱང་ཆུབ་ཐོབ་པའི་མཆོག་གི་ཕྲུགས་དང་། བཟང་པོ་ཕྲུགས་ཀྱང་བདུད་ལས་བཏུལ་བའི་བྱང་ཆུབ་སེམས་དཔའ
324b9 རྣམས་སོ།། རིམ་འགྲོ་ཡང་བདུད་ལས་བཏུལ་བའི་བྱང་ཆུབ་སེམས་དཔའ་རྣམས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུད་རབ་ཏུ་འཇོམ་པ་དེ་ནི་བྱང་ཆུབ་སེམས་དཔའི་གཏམ་འབའ་ཤིག་ཡང་དག་པར་རབ་ཏུ