e-texts navigator
Collection
Volume
Page
Wylie

324a1 བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ནི། བདུད་གི་གནས་ཐམས་ཅད་མོག་མོག་པོར་གྱུརྡ་ཏེ། རྣམ་པ་དྲུག་དུ་གཡོས་སོ།། འདི་ལྟ་སྟེ་དཔེར་ན། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི
324a2 བྱང་ཆུབ་སེམས་དཔའི་མཛོད་སུ་ནས་འོད་རབ་ཏུ་ཕྱུང་ནས།། བཅུད་ཀྱི་གནས་ཐམས་ཅད་མོག་མོག་པོར་གྱུར་ད་པ་དེ་བཞིན་དུ་བདུད་ཀྱི་རྣས་ཐམས་ཅད་མོག་མོག་པོར་གྱུར་ད་ཏོ།། དེ་ནས་བདུད་སྡིག་ཅན་ལྟས་ཆེན་པོ་འདི་མཐོང་ནས།
324a3 རིངས་ཤིང་མྱུར་བར། ལ་གོར་དུ་དཔུང་གི་ཚོགས་ཡཱན་བཞི་པ་སྡུས་ཏེ། བཀོད་པ་ཅི་འདྲ་བས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པའི་བྱང་ཆུབ་སེམས་དཔའི་གན་དུ་འགྲོ་བའི་བཀོད་པ་དེ་འདྲ་བས་དཔག་ཚད་སུམ་བཅུ་ཕྲ་དྲུག་ཚུན་ཆད་དུ
324a4 བཅུད་གི་སྡེས་བཀར་ནས་བཅོམ་ལྡན་འདས་ཀྱི་འཁོར་གི་དཀྱིལ་འཁོར་གི་ཁྱམས་ག་ལ་བ་དེར་འོང་བ་དང་། སངས་རྒྱས་ཀྱི་མཐུར་དེར་དེའི་བསྒྲིབས་པར་གྱུར་ད་ཏེ། འོངས་ཀྱང་དེ་བཞིན་གཤེགས་པ་དང་། གང་དག་ཕྱིར་མྱི་ལྡོག་པའི་བྱང
324a5 ཆུབ་སེམས་དཔའ་རྣམས་དང་། འཁོར་དེ་ལས་སེམས་ཅན་གང་དག། འདུལ་བར་འགྱུར་བ་རྣམས་དང་། གང་དག་སྲིད་པར་ཀུན་སྦྱོར་བ་སྤང་ས་པའི་དགྲ་བཅོམ་པ་ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་རྣམས
324a6 མ་གཏོགས་པར་གླང་གིས་ཀྱང་དེ་མ་མཐོང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་བཀའ་མཿལད་པ། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་བཅུད་སྡིག་ཅན་བཀོད་པ་ཇི་ལྟ་བུ་དང
324a7 འོང་བ་མཐོང་དམ། གསོལྡ་པ། བཅོམ་ལྡན་འདས་མཐོང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་མཅལ་པ། བློ་གྲོས་རྒྱ་མཚོ་བཅུད་སྡིག་ཅན་འདི་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་བར་ཆད་བྱ་བའི་ཕྱིར་འོངས་ན་ད་ཅི་ཞིག
324a8 བྱ། གསོལ་པ། བཅོམ་ལྡན་འདས་དེང་འདི་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གི་ཁམས་སུ་འཕང་བར་བགྱིའོ།། དེ་ནས་ཚེ་དང་ལྡན་པ་ཤ་རིའི་བུས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་སྨྲས་སོ།།
324a9 རིགས་ཀྱི་བུ་བདེ་བ་ཐམས་ཅད་ཀྱིས་བརྒྱན་པའི་འཇིག་རྟེན་གི་ཁམས་དེ་ནི་ག་ལ་ཡོད། དེ་ནི་ཆོས་སྟོན་པའི་དེ་བཞིན་གཤེགས་པའི་མཚན་ནི་ཅི་ཞེས་བྱ།། བློ་གྲོས་རྒྱ་མཚོས་སྨྲས་པ། བཙུན་པ་ཤ་རིའི་བུ་ཤར་ཕྱོགས་ལོགས་སུ




iiif viewer powered by OpenSeadragon

323b - 324b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo