| e-texts navigator |
| Wylie |
323b1 ཞེ་སྡང་དང་། བྲལ་བའི་རྣམ་པར་ཞུགས་ཀྱང་། ཞེ་སྡང་ལ་གྱོད་པའི་སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་པ་འདི་ནི་བདུད་ཀྱི་ལུགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་ལྔ་པའོ།། བློ་གྲོ་རྒྱ་མཚོ་ཆོས་ཐམས་ཅད་ནི་གཏི་མུག་བྲལ་བའི་རང
323b2 བཞིན་པས།། གཏི་མུག་དང་བྲལ་བའི་རྣམ་པར་ཞུགས་ཀྱང་། གཏི་མུག་ལ་དགྱོད་པའི་སེམས་ཅན་ཡོངས་སུ་སྦྱིན་པར་བྱེད་པ་འདི་ནི་བདུད་ཀྱི་ལུགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་དྲུག་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཀུན
323b3 ནས་ཉོན་མོངས་པ་མྱེད་པའི་རང་བཞིན་པས།། ཀུན་ནས་ཉོན་མོངས་པ་མྱེད་པའི་རྣམ་པར་ཞུགས་ཀྱང་། ཀུན་ནས་ཉོན་མོངས་པ་ཅན་གི་སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་པ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་བདུན་པོ།
323b4 བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྐྱེ་བ་མྱེད་ཅིང་འབྱུང་བ་མྱེད་པའི་ར་བཞིན་པས། སྐྱེ་བ་མྱེད་ཅིང་འབྱུང་བ་མྱེད་པའི་རྣམ་པར་ཞུགས་ཀྱང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་སྤང་བའི་ཕྱིར།། སེམས
323b5 ཅན་རྣམས་ལ་ཆོས་སྟོན་པ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད། པའི་ཆོས་ཀྱི་སྒོ་བརྒྱད་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་རང་མཉམ་ཞིང་བྱེ་བྲག་མྱེད་པའི་རང་བཞིན་པས། རང་མཉམ་ཞིང་བྱེ།
323b6 བྲག་མྱེད་པའི་རྣམ་པར་ཞུགས་ཀྱང་། ཐེག་པ་ཆེན་པོའི་བསམ་པ་ཡོ་ངས་སུ་མྱི་འདོར་བར་སེམས་ཅན་རྣམས་ལ་ཐེག་པ་གསུམ་རྣམ་པར་དགོད་པའི་ཆོས་སྟོན་པ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ།
323b7 དགུ་པའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དང་ཡིད་དང་རྣམ་པར་ཤེས་པ་ལ་ཡང་མྱི་གནས་ལ། བྱང་ཆུབ་ཀྱི་སེམས་ཀྱང་མྱི་རྗེད། བཅོམ་པ་ཐམས་ཅད་དང་ཡང་བྲལ་ལ། སེམས་ཅན་རབ་ཏུ་ཟར
323b8 པར་བྱ་བའི་ཆོམ་པ་ཡང་མྱི་འདོར། སྤྱོད་པ་ཐམས་ཅད་ལས་ཀྱང་ཤིན་ཏུ་འདས་ལ་བྱང་ཆུབ་སེམས་དཔའི་པྱོད་པ་ལས་ཀྱང་མྱི་ལྡོག་པ་འདི་ནི། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས
323b9 ཀྱི་སྒོ་བཅུ་པའོ།། བློ་གྲོས་རྒྱ་མཚོ་བཅུ་པོ་འདི་དག་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ལ་རབ་ཏུ་སྦྱོར་ན། བདུད་ཀྱི་ལྕགས་ཀྱུ་ཐམས་ཅད་ལས་ཤིན་ཏུ་འདས་པར་འགྱུར་རོ།།