e-texts navigator
Collection
Volume
Page
Wylie

323a1 ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས། བདུད་ཀྱི་ལྕགས་ཀྱུ་འདི་དག་ལས་ཤིན་ཏུ་འདའ་བར་བགྱིའོ།། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ།། བམ་པོ་བཅུ་པ་སྟེ་ཐ་མའོ།།
323a2 དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལྕགས་ཀྱུ་འདི་དག་ལེགས་པར་བཤད་པ་ལེགས་སོ་ལེགས་སོ།།
323a3 བློ་གྲོས་རྒྱ་མཚོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་དག་གང་ལ་གནས་ན། བདུད་ཀྱི་ལྕགས་ཀྱུ་ཐམས་ཅད་ལས་ཤིན་ཏུ་འདའ་བར་འགྱུར་བ། བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས
323a4 ཀྱི་སྒོ་ཁྱོད་ལ་བཤད་དོ།། བློ་གྲོས་རྒྱ་མཚོ་བདུད་ཀྱི་སྔགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་དེ་དག་གང་ཞེན། བློ་གྲོས་རྒྱ་མཚོ་བཅུ་པོ་འདི་དག་ནི་བ་དུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་ཡིན་ནོ།། བཅུ་གང་ཞེ་ན།
323a5 འདི་ལྟ་སྟེ། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་པ། ཞིན་པས། སྟོང་པ་ཉིད་ཀྱི་རྣམ་པར་ཞུགས་ཀྱང་། བདག་ཉིད་སྐྱབས། བྱེད་པས་སེམས་ཅན་ཐམས་ཅད་ལ་ཆེར་བྱམས་པའི་འདི་ནི་བདུད་ཀྱི
323a6 ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་དང་པོའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་མཚན་མ་མྱེད་པའི་རང་བཞིན་པས། མཚན་མ་མྱེད་པའི་རྣམ་པར་ཞུགས་ཀྱང་། ཡོངས་སུ་ཐ་རད་པར་བྱེད་པས། སེམས་ཅན
323a7 ཐམས་ཅད་ལ་ཆེར་སྙིང་རྗེ་བ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་གཉིས་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་སྨོན་པ་མྱེད་པའི་རང་བཞིན་པས། སྨོན་པ་མྱེད་པའི་རྣམ་པར་ཞུགས་ཀྱང་། སེམས་ཅན་ཐམས
323a8 ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར་བསམས་བཞིན་དུ་སྐྱེ་བ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་གསུམ་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་འདོད་ཆགས་དང་བྲལ་བ་ནི་རང་བཞིན་པས་འདོད་ཆགས་དང
323a9 བྲལ་བའི་རྣམ་པར་ཞུགས་ཀྱང་འདོད་ཆགས་ལ་གྱོད་པའི་སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་པ་འདི་ནི་བདུད་ཀྱི་ལྕགས་ཀྱུ་རབ་ཏུ་གཅོད་པའི་ཆོས་ཀྱི་སྒོ་བཞི་པའོ།། བློ་གྲོས་རྒྱ་མཚོ་ཆོས་ཐམས་ཅད་ནི་ཞེ་སྡ་པ་དང་བྲལ་པོའི་རང་བཞིན




iiif viewer powered by OpenSeadragon

322b - 323b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo