e-texts navigator
Collection
Volume
Page
Wylie

322b1 ཐ་མ་དང་སྤྲིན་གནས་རྣམས་ལ་ཀུན་ཏུ་མྱི་འདུད་ཅིང་། འདུད་པར་མྱི་བགྱིད་ལ་རབ་ཏུ་ཕྱི་འདུད་ན། བཅོམ་ལྡན་འདས་ཀྱེ་མའོ།། བྱང་ཆུབ་སེམས་དཔའ་འདི་ནི། བདུད་ཀྱི་ལུགས་ཀྱུས་ཟིན་པར་རིག་པར་བགྱི་སྟེ། བཅོམ་ལྡན་འདས་ལ།།
322b2 ནི་བྱང་ཆུབ་སེམས་དཔའི་ང་རྒྱལ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལུགས་ཀྱུ་སྟེ་བཅུ་གཅིག་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་གཟུགས་བཟང་ཞིང་མཛེས་ལ། ཕྱག་ཅིང་ནོར་ཆེ་བ་དང་། ལོ་གྱོད་ཆེ་ཞིང་ནོར་མང་ལ། མདོ།
322b3 དང་བང་པ་མང་པོ་ཕུན་སུམ་ཚོགས་པར་གྱུར་ཏེ། གཟུགས་དང་ལོར་དཔྱོད་དང་། རུས་དང་རིགས་དང་། གཡོག་འཁོར་དང་། བསོད་ནམས་ཀྱི་ཚོགས་ཀྱིས་བརྟན་པར་གྱུར་ད། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་ཞིང་། དེ
322b4 གཟུགས་དང་། ལོངས་སྤྱོད་དང་། གཡོག་འཁོར་དང་། དབང་ཕྱུག་གི་སྟོབས་ཀྱིས་རྒྱགས་ཤིང་། བག་མ་མ་མཆིས་པར་གྱུར་ད་ཏེ། བྱང་ཆུབ་སེམས་དང་འ་གང་དག་རབ་ཏུ་བྱུང་བར་གཏོགས་པ་ཁྱིམ་གི་གནས་ནས་ངེས་པར
322b5 བྱུང་བ། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བ་ལ་འཚོན་པ། གདུགས། དཔག་སེར་མས། ཤ་དང་ཁྲག་བསྐམས་པ། རྐྱེ་བ། ཉམ་ཆུང་བ། ལུས་ཅས་གཡོག་པ། མགོ་དང་གོས་ལ་ཞུགས་འབར་བ། བཞིན།
322b6 དུ་གདུགས་མཚན་དུ་འཚོན་འགྲུས་པ་ཚམས་པ། དགེ་བའི་ཆོས་ཡོངས་སུ་བཙལ་བ་ལ་རྟག་ཏུ་བཚོན་པ་དང་། ལྡན་པ་དེ་དག་ལ་རྐྱེ་ཞིང་ཉམ་ཆུང་ལ། མདོག་ངན་ཅིང་མྱི་སྡུག་པར་རིག་ནས་བརྙས་པར་བྱའོ་སྙམ་དུ་སེམས་ཤིང་། དེ་དག
322b7 ལས་ལེགས་པར་བཤད་པ་ཉན་གྱི་འཚལ་ཏེ། དེ་དེ་བས་ཤེས་ཆེར་དམན་ཞིང་ཆེས་རྨུགས་པར་འགྱུར་བ་འདི་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་རྒྱགས་པ་དང་། བག་མ་མཆིས་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བཅུ
322b8 གཉིས་པའོ།། བཅོམ་ལྡན་འདས་བཅུ་གཉིས་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལྕགས་ཀྱུ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ལས་ཤིན་ཏུ་མ་འདས་ནཱ། ཐ་ན་རྗེས་སུ་འཐུན་པའི་བཟོད་པ་ཡང་མྱི་འཐོབ་ན། བླ་ན་མྱེད
322b9 པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། དེ་ནི་གནས་མ་མཆིས་སོ།། བཅོམ་ལྡན་འདས་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང




iiif viewer powered by OpenSeadragon

322a - 323a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo