e-texts navigator
Collection
Volume
Page
Wylie

322a1 མྱི་བསྟེན། བསྙེན་བཀུར་མྱི་བྱེད། ཡོངས་སུ་མྱི་འདྲི། ཡོངས་སུ་འདྲིར་མྱི་གསོལ་ཅིང་། དེ་མ་ཐོས་པའི་ཆོས་ཉན་པར་མྱི་བགྱིད་ཅིང་། ཐོས་པའི་ཆོས་རྣམས་ཀྱང་ཡོངས་སུ་དཀར་བར་མྱི་བགྱིད། དེ་ལས་གཞན་པ་བྱང་ཆུབ
322a2 སེམས་དཔའི་ཐེག་པ་པའི་གང་ཟག་གང་དག་བདུད་ཀྱི་ལྕགས་ཀྱུས་ཟིན་པ། ཆོས་ངན་པ་ལ་པྱོད་པ་དེ་དག་ལ་དགའ་བ་རྙེད་པ་དང་། དེ་དག་ཀྱང་དེ་བཞིན་དུ་དེའི་རྗེས་སུ་འཇུག་པར་འགྱུར་བ་དང་། དེ་དམན་པ་ལ་སྙེན་ཅིང་ཁྱད་པར་དང
322a3 བྲལ་བས་འདི་ལྟ་སྟེ། ཞན་པའི་འགྲོ་བ་དང་། བླུན་པ་འོན་པ། ལྐུག་པའི་འགྲོ་བ། དམན་པ་ཉིད་དུ་མཆི་བར་འགྱུར་རོ།། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་གིས་གྲམ་པའི་ས་ཕྱོགས་སུ་ཤིང་ཙམ་པ་ཀ
322a4 བསྐྲུན་ལ། ཆབ་གསོལ་བར་མྱི་བགྱིད་གི། གང་ནས་ཆབ་མཆི་བར་མཐོ་པའི་ཕྱོགས་དེ་ཡང་གོར་མ་དང་། གྱོ་མོ་དག་གིས་བཀུམ་ན། བཅོམ་ལྡན་འདས་དེ་ལྟར་ན་ཞུགས་ཤིང་ཙམ་པ་ཀ་ཆ་བ་དང་བྲལ་བ་དེ་ལ་ཡལ་ཀ
322a5 དང་། ལོ་མ་དང་། ཡལ་ཀ་ཕྲེའུ་མ་ཆགས་པ་རྣམས་ཀྱང་ཆགས་པར། མྱི་འགྱུར། ཡལ་ཀ་དང་ལོ་མ་དང་། ཡལ་ཀ་ཕྲེའུ་ཆགས་པ་རྣམས་ཀྱང་སྐམས་ཏེ། དོག་ས་ལ་ལྟུང་པར་འགྱུར་རོ།། བཅོམ་ལྡན་འདྲ
322a6 དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ཏུ་སེམས་བསྐྱེད་ལ། ང་རྒྱལ་གིས་ཁེངས་ཤིང་། ང་རྒྱལ་གྱིས་ཁེངས་པར་གྱུར་ན། དེ་དགེ་བའི་བཤེས་གཉེར་དང་། ཆོས་མཉན་པ་དང་བྲལ་ཏེ། མ་ཐོས་པའི་ཆོས་ནས
322a7 ཀྱང་མྱི་ཉན་ཐོས་པའི་ཆོས་རྣམས་ཀྱང་ཡོངས་སུ་དཀར་བར་གྱི་བགྱིད་དོ།། བཅོམ་ལྡན་འདས་འདི་ལ་སྟེ་དཔེར་ན། གང་གི་ཚེ་རྒྱ་མཚོ་ཆེན་པོ་མཆིས་པར་གྱུརྡ་པ་དེའི་ཚེ། གཞོལ་བའི་ཕྱོགས་མ་མཆིས་པར་འགྱུར་རོ།། དེ་གཞོལ
322a8 བའི་སླད་དུ་ཆུ་ཀླུང་ཐམས་ཅད་དང་། ཆབ་རྩིག་དང་། འབའ་ཆུ་ཐམས་ཅད་ཆགས་ཆུང་ངུས་དེ་པ་བཟོག། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བ་རྒྱལ་མ་མཆིས་པ། བླ་མ་དང་ཕྱིན་གནས་ལ་གུས་པ་ཡང་ཚིགས་སུ།
322a9 དུས་ཆོས་ཟབ་མོའི་སྒོ་རྣམས་རྣ་བའི་དབང་པོ་ལ་རེག་པར་འགྱུར་རོ།། དེ་དྲན་པ་ལ་ཡང་གནས་པར་འགྱུར་རོ།། བཅོམ་ལྡན་འདས་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་ང་རྒྱལ་གིས་ཁེངས་པ། ང་རྒྱལ་གིས་རེངས་པར་འགྱུར་དེ།།




iiif viewer powered by OpenSeadragon

321b - 322b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo