e-texts navigator
Collection
Volume
Page
Wylie

321b1 རྟག་པར་རྒྱུན་ཏུ་སེམས་ཅན་ཡོངས་སུ་སྦྱིན་པར་བགྱིད་པ་དང་། ལུས་དང་སྲོག་ལ་མྱི་ལྟ་བར་དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། མཚན་དང་དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱར་བའི་སླད་དུ། བསོད་ནམས།
321b2 ཀྱི་ཚོགས་ཡོངས་སུ་ཚོལ་བས། མྱི་ངོམས་པ་དང་། གཟུངས་དང་སྤོབས་པ་ཐོབ་པར་བགྱི་བའི་སླད་དུ་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བ་དང་། སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་མྱི་གོས་པར་བགྱི་བའི་སླད་དུ། ཤེས་རབ་ཀྱི་ཕ
321b3 རོལ་ཏུ་ཕྱིནད་པ་སྒོམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ལས་ཤིན་ཏུ་བཟླ་བའི་སྒྲ་དུ། བབས་ལ་མཁས་པ་ཡོངས་སུ་ཚོལ་བ་སྟེ། བཅོམ་ལྡན་འདས་བཅུ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་ས
321b4 ལས་ཡང་དག་པ་ཡང་དག་ཕུལ་ལགས་ཏེ། གང་དག་ལ་བྱང་ཆུབ་སེམས་དཔས་བསླབ་པར་བགྱི་བ་དེ་དག་ལ་མྱི་སྟོན་པ་དང་། དེ་ལ་འདི་སྐད་དུ་བྱང་ཆུབ་ནི་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པ་ཡིན་གི་ལེ
321b5 ལོ་ཅན་གི་མ་ཡིན་ནོ།། གལ་ཏེ་བསྐལ་པ་བརྒྱད་དམ། བཅུས་བླ། ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ན། ཕྱིས་ཁྱོད་བླ་ན་མྱེད་པ་ཡང་དག་པར་རྫོགས་པ
321b6 བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མྱི་ནུས་སོ།། ཞེས་མཆིལ་བཅོམ་ལྡན་འདས་དེ་ལ་བྱང་ཆུབ་སེམས་དཔའ་གང་སྐྱིད་ལུག་ནས་འབྲས་བུ་ཐོབ་པར་བགྱིད་པའི་གནས་མཆིས་ན། བཅོམ་ལྡན་འདས
321b7 འདི་ནི་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ལྟར་བཅོས་པའི་བདུད་ཀྱི་སྔགས་ཀྱུ་སྟེ་བཅུ་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ང་རྒྱལ་གྱིས་ཁེངས་ཤིང་ང་རྒྱལ་གིས་རེངས་པར་གྱུར་ཏེ། དེ་ང་རྒྱལ་བླ་མ
321b8 རྣམས་དང་། སྦྱིན་གནས་རྣམས་དང་། བ་མ་དང་། སློབ་དཔོན་དང་། མཁན་པོ་རྣམས་དང་། དེ་ལས་གཞན་པ་བླ་མ་ལྟ་བུའི་གང་ཟག་རྣམས་ལ་ཀུན་ཏུ་འདུད་པ་དང་འདུད་པ་དང་རབ་ཏུ་འདུད་པར་མྱི་བགྱིད་ཅིང་། དེ་ལ་མ་གུས་པར་གྱུརཔ
321b9 པ་དང་། གང་དག་བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ལ་མཁས་པ། ཁྱད་པར་ཐོབ་པ་དང་། གཟུངས་དང་། སྤོབས་པ་ཕུན་སུམ་ཚོགས་པ། བྱང་ཆུབ་སེམས་དཔའི་བགྱི་བ་ཐམས་ཅད་ཚར་ཕྱིན་པ་དེ་དག་གི་གན་ཏུ་མྱི་མཆི། མྱི་སྙེན




iiif viewer powered by OpenSeadragon

321a - 322a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo