| e-texts navigator |
| Wylie |
321a1 མོའི་དཀའ་མཆིད་འཆབ་པ་འདི་ནི། སངས་རྒྱས་འབྱུང་བ་ནུབ་པར་བགྱི་བའི་བསྲད་དུ་ཞུགས་པ་ལགས་ཏེ། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་དཀའ་མཆིད་ཟབ་མོ་འཆབ་ཅིང་འཇིག་རྟེན་རྒྱང་ཕན་དང་རབ་ཏུ
321a2 ལྡན་པའི་བདུད་ཀྱི་ལུག་ཀྲུ་སྟེ་དགུ་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ལྟར་བཅོས་པ་སྡིག་པའི་གྲོགས་པོ་གང་དག་དེ་ལ་བསྡུ་བའི་དངོས་པོ་རྣམས་ལས་འདུན་པ་བཟློག་པ་དང་། སེཾས
321a3 ཅན་ཡོངས་སུ་སྦྱིན་པར་བགྱིད་པ་ལས་འདུན་པ་ལས་བཟློག་པ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བ་ལས་འདུན་པ་བཟློག་པ་དང་། བསོད་ནམས་ཀྱི་ཚོགས་ལས་འདུན་པ་བཟློག་པ་དང་། རབ་ཏུ་དབེན་པ་ལ་སྦྱོར་བ་དང་། དོན
321a4 ཉུང་བ་ལ་སྦྱོར་བ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་དཀའ་མཆིས་དེ་ལ་རྒྱུན་ཏུ་མང་དུ་སྟོན་པ་དང་། ཐེག་པ་ཆེན་པོ་དང་ལྡན་པ་འི་བཀའ་མཆིད་དེ་ལ་མྱི་སྟོན་པ་དག་ལ་བསྙེན་ཅིང་བསྟེན་ཏེ་བསྙེན
321a5 བཀུར་བགྱིད་པ་དང་། གང་གི་ཚེ་བྱང་ཆུབ་སེམས་དཔའི་དབེན་པའི་ག། ནས་པས། ཐེག་པ་ཆེན་པོ་ལས་ལྡང་བ་དེའི་ཚེ། བྱང་ཆུབ་སེམས་དཔས་གདོན་མྱི་ཟ་བར་ཞལ་ཏ་བྱེད་པར་བྱའོ་ཞེས། བྱང་ཆུབ་སེམས
321a6 དཔའི་ཞལ་ཏ་བགྱིད་པའི་དྲི་མ་ལ་སྦྱོར་ལ། གང་གི་ཚེ་བྱང་ཆུབ་སེམས་དཔའོ་ཞལ་ཏ་བགྱིད་པའི་དྲི་མ་ལ་སྦྱོར་ཞིང་། མཚན་མ་དང་བཅས་པ་དང་། རྒྱུ་བ་དེ་ང་བཅས་པའི་ས་ཉེ་བར་སྟོན། བྱང་ཆུབ་སེམས་དཔའི་ལས་ཡང
321a7 དག་པ་ཕུལ་གང་ལགས་པ་དེ་དག་དེ་ལ་མྱི་སྟོནང་ཏོ།། བྱང་ཆུབ་སེམས་དཔའི་ལས་ཡང་དག་པ་ཡང་དག་ཕུལ་བ་དེ་དག་གང་ལགས་ཤེ་ན། བཅོམ་ལྡན་འདས་བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའི་ལས་ཡང་དག
321a8 པ་ཡང་དག་ཕུལ་བ་ལགས་སོ།། བཅུ་པོ་དག་གང་ཞེ་ན་འདི་ལྟ་སྟེ། དད་པའི་རྣམ་པ་ལ་རབ་ཏུ་གནས་ཏེ། དགེ་བའི་བཤེས་གཉེན་རྣམས་ལ་བསྙེན་ཅིང་བསྟེན་ཏེ། བསྙེན་བཀུར་བ་དང་། མགོ་དང་ཀོས་ལ་ཞུགས་འབར་བ
321a9 བཞིན་དུ་དགེ་བའི་ཆོས་ཅི་ཞེས་ཡོངས་སུ་ཚོལ་བ་དང་། དགེ་བའི་ཆོས་ལ་འདུན་པ་ལ་གནས་ཏེ། ཡང་དག་པའི་བཚོན་པ་མྱི་འདོར་བ་དང་། བག་མཆིས་པར་ལས་བགྱིས་པ་ཆུད་མྱི་གསོན་པ་དང་། བདེག་བདེ་བ་ལ་མྱི་ཆགས་པ