| e-texts navigator |
| Wylie |
320b1 པར་འགྱུར་བ་དེ་དག་ལ་སྟོན་གི། སེམས་ཅན་གང་དག་དད་པ་དང་ལྡན་ཞིང་དཔའ་མང་བ་ལེགས་པར་བཤད་པའི་དོན་འཆལ་བར་ནུས་ཤིང་། སྟོབས་དང་ལྡན་པ།། ཟང་ཟིང་གིས་དེ་རྗེས་སུ་འཛིནད་པར་མྱི་བགྱིད་པ་དེ་དག་ལ་ཆོས
320b2 སྟོན་པ།། གང་དག་དེ་ལ་འགྱེད་པར་བགྱིད་པ། དམན་པ་དམན་པར་གྱུར་པ། མུ་ཀི་གི་རང་བཞིན་ཅན། ཆོས་རྒྱ་ཆེན་པོའི་སྣོད་དུ་གྱུར་པ་དེ་དག་ལ་ཆོས་སྟོན་པ་དང་། དེ་ཟང་ཟིང་གིས་སྤགས་པའི་རྒྱུད་དེས་གང་དག་ཆོས་བསྟན
320b3 པར་བགྱི་བ་མ་ལགས་པ་སྡོད་དུ་མ་གྱུར་པ་དེ་དག་ལ་ཆོས་སྟོན་པ་དང་། གང་དག་བསྟན་པར་བགྱི་བ་དེ་དག་ལ་གྱི་སྟོནད་པ་འདི་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཆོས་བསྟན་པ་དང་ལྡན་པའི་བདུང་གི་ལྤགས་ཀྱུ་སྟེ་བརྒྱད
320b4 པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔལ་འཇིག་རྟེན་བརྒྱད་ཕན་པ་ཡོངས་སུ་ཚོལ་བ་དེ། དེ་གཞན་དག་ལ་ཟབ་མོའི་བཀའ་མཆིད་ཀྱི་རྒྱུད་བཀུམ་ནས། འཇིག་རྟེན་རྒྱང་ཕན་པའི་བཀའ་མཆིད་སྣ་ཚོགས་སྟོན
320b5 །། དེ་འཇིག་རྟེན་ཆུང་ཕན་པའི་བཀའ་མཆིད་སྣ་ཚོགས་སྟོ་དང་པ། ས། འཇིག་རྟེན་དགའ་ཞིང་མངོན་པར་དགའ་བའི་ཚིག་དང་། ལན་ནི། ཚིག་ལ་མཁས་པས་སེམས་ཅན་རྣམས་དགའ་བར་གྱུར་ཏེ། དེ
320b6 ལེགས་སོ་ལེགས་སོ་འགྱི་བ་ཡང་ཚོལ་བར་འགྱུར་བ་ལ། དེས་ཀྱང་བྱང་ཆུབ་སེམས་དཔའི་ཡི་རངས་པར་འགྱུར་བ་དང་། སཱའི་བུ་གང་དག་སྔོན་སངས་རྒྱས་མཐོང་བ།། ཆོས་ཟབ་མོ་ལ་མོས་པ།། ཆོས་མཉན་པའི་ཕྱིར
320b7 དེར་འདུས་པར་གྱུ་རད་པ་དེ་དག་སྡུག་བསྔལ་ཞིང་ཡིད་ཀྱི་བདེ་སྟེ། ཡི་མ་རངས་ན་གང་འཇིག་རྟེན་གི་དཀའ་བས་མངོན་པར་དཀའ་བའི་སེམས་ཅན་དེ་དག་ལ་ཟབ་མོའི་གཏམ་གི་རྒྱུ་ནད་བཅད་དེ། འཇིག་རྟེན་ཀྱང་ཕན་པའི་གཏམ་སྣ་ཚོགས་སྷོ།།
320b8 པའི་རིགས་ཀྱི་བུ་འདི་ནི་དམ་པའི་ཆོས་ནུབ་པར་བྱེད་པ་ཡིན་གྱི། དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དོན་ཟབ་མོའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་གི། འཇིག་རྟེན་རྒྱང་ཕན་པའི་གཏམ
320b9 སྣ་ཚོགས་ཀྱི་ཕྱིར་མ་ཡིན་ནོ་ཞེས་མཆི་ཞིང་། འཁོར་དེ་ནས་མཆི་བར་འགྱུར་བའི་དེ་ལྟར་བུའི་ཚིག་སླའོ།། བཅོམ་ལྡན་འདས་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་གང་འཇིག་རྟེན་ཀྱང་ཕན་པའི་བཀའ་མཆིད་སྣ་ཚོགས་བགྱིད་གི། 2