e-texts navigator
Collection
Volume
Page
Wylie

320a1 རོ་ལ་ཏུ་ཕྱིནད་པ་ནི་མཆོག། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་ནི་ཁྱད་པར་ཏུ་འཕགས་པ་སྟེ། དེ་ལས་གཞན་པའི་ཕ་རོལ་ཏུ་ཕྱིནད་པ་རྣམས་ནི་དམན་པའོ་སྙམ་ན། དེ་ནི་དབང་པོ་ཡོངསུ་མ་སྦྱིན་པ། བཏང་སྙོམས
320a2 སུ་ལྷུང་བ་སྟེ་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་མྱི་སྡུད་ཅིང་། སྲོས་པ་མ་མཆིས་པ། མངོན་པར་འདུ་བགྱི་བ་མ་མཆིས་པ། དེ་ཉིད་ཀྱི་རོ་མྱོང་བར་བགྱིད་པ་འདི་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤེས་རབ་དང
320a3 རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་དྲུག་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་དགོན་པར་བར་གྱུར་པས་མཐའི་གནས་མལ་ལ་མངོན་པར་དགའ་ཞིང་འདོད་པའི་ཆུ་རྡུ་ལ་ཆོག་ཤེས་ཏེ་རབ་ཏུ་དབེན། ཁྱིམ་པ་དང
320a4 རབ་ཏུ་བྱུང་བ་རྣམས་དང་མྱི་འདྲེལ། དེ་དོན་ཉུང་བ་དང་། བགྱི་བ་ཉུང་བས་བདེ་བར་གནས་ཏེ། གཡོ་བ་མ་མཆིས་ཀྱང་། མང་དུ་ཐོས་པ་ཡོངས་སུ་བཙལ་བ་དང་། སེམས་ཅན་ཡོངས་སུ་སྦྱིན་པར་བགྱིད་པ་དང་། ཆོས་མ
320a5 བ་ལ་བཚོན་པར་མྱི་གནས། ཆོས་ཀྱི་འཕེལ་བ་བཀའ་མཆིད་དང་།། དོན་རྣམ་པར་ངེས་པའི་བཀའ་མཆིད་ལ་བགྱིད་པ་ལ་རྒྱུན་དཀུམ་པར་སེམས་ཏེ། ཡོངས་སུ་འདྲི་བའི་རང་བཞིན་ཅན་མ་ལགས། དེ་དགེ་བ
320a6 ཅི་ཞེས་ཚོལ་བ་ལ་མྱི་བཚོན། དེ་དགོན་པ་ལ་གནས་པ་དང་། གཅིག་བུར་དགའ་བས་ཉོན་མོངས་པ་རྣམས་ཀུན་ཏུ་མྱི་རྒྱུ་སྟེ། དེ་ཀུན་ནས་ལྡང་བ་གནོད་པ་ཙམ་གིས་དགའ་བ་ཐོབ་ཅིང་། བཀ་ལ་ཉལ་ཡང་དག་པར
320a7 གཞོམ་པའི་སླད་དུ་ལམ་སྒོམ་པར་མྱི་བགྱིད་དེ། དེ་ནི་བདག་གི་དོན་དང་གཞན་གི་དོན་གི་སླད་དུ་བརྩོན་པར་མྱི་འགྱུར་བ་འདི་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་དགོན་པ་ལ་གནས་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྤགས།
320a8 ཀྱུ་སྟེ་བདུན་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་མང་དུ་བོས་པར་འགྱུར་ཏེ། ཆོས་ཀྱི་གཏམ་ཅན་ཚིག་མཉམ་པར་འོས།། ཚིག་བཟུང་བར་འོས་པ། བསྟན་པ་སྣ་ཚོགས་ཀྱི་གཏམ་ཅན་དང་། སྤོབས་པ
320a9 ཕུན་སུམ་ཚོགས་པར་གྱུར་ཀྱང་། དེ་བང་ཟིང་གི་སླད་དུ། ཆོས་སྟོནད་ཏེ། ཟང་ཟིང་མ་མཆིས་པའི་སེམས་ཀྱིས་མ་ལགས་གང་ལས་དེའི་གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་མཆི




iiif viewer powered by OpenSeadragon

319b - 320b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo