| e-texts navigator |
| Wylie |
319b1 དེ་ནི་བའི་སྙོམས་པར་འཇུག་པ་དེ་དག་ལ་གནས་ཤིང་། སེམས་ཅན་ཡོངས་སུ་སྦྱིན་པར་བགྱི་བ་ལ་སྨོད་དེ། ཆོས་བསྟན་པ་ལ་སྤོང་། སེམས་ཅན་དང་འདྲེ་བ་ལ་སྤོད། བསོད་ནམས་ཀྱི་འདུ་བྱེད་རྣམས་ལ་སྨོད་ཅིང་། མྱི་གཡོ
319b2 པའི་འདུ་བྱེད་ཀྱི་རོ་མྱང་བར་བགྱིད། གཅིག་པུར་དགའ་བས་དགའ་བ་ཟོབ་སྟེ། འབབ་པ་ཆུང་ངུས་གནས་པར་གྱུར་ནས།། བསམ་གཏན་ལས་ལྡོག་པ་ཡོངས་སུ་མྱི་ཚོལ་ཀི།། འདོད་པའི་ཁམས་དང་། གཟུགས
319b3 གི་ཁམས་ལ་བསད་པར་འདུ་ཤེས་ཤིང་། གཟུགས་མ་མཆིས་པའི་ཁམས་ཀྱི་རོ་མྱོང་བར་བགྱིད་ལ། དེ་ལུས་དམན་པས་གཟུགས་མ་མཆིས་པའི་ཁམས་རྣམས་སུ་སྐྱེ་བར་བགྱིད་ཅིང་། ལྷ་ཚེ་རིངས་པོ་རྣམས་དང་བས
319b4 པ་མཉམ་པར་སྐྱེ་སྟེ། དེ་དེར་སྐྱེས་ནས་ཀྱང་གང་སངས་རྒྱས་མང་པོས་སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་མཉེས་པར་བགྱིད་པ་དེའི་གནས་མ་མཆིས་སོ།། སངས་རྒྱས་མཐོང་བ་དང་། སརྦ
319b5 རྒྱས་མཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བགྱིད་པ་དང་། བྲལ་བར་འགྱུར། སེམས་ཅན་ཡོངས་སུ་སྦྱིན་པར་བགྱིད་པ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བ་དང་། བསོད་ནམས་ཀྱི་ཚོགས་ག
319b6 པ་དང་། བྲལ་བར་གྱུར་།། དེའི་དབང་པོ་རྣམས་ཐུན་ཞིང་ཏུ་ལང་པའི་རང་བཞིན་ཅན་དུ་འགྱུར། དེ་ནས་ཤི་འཕོས་ནས་ཀང་དང་གང་སྐྱེས་པ་དེ་དང་དེར་བརྟུལ་བའི་རྒྱུན་ཆད་དུ་འགྱུར་ཞིང་། རྨུགས་པ
319b7 དང་། གཉིད་ཆེ་བར་འགྱུར་བ་འདི་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་བསམ་གཏན་དང་། རབ་ཏུ་ལྡན་པའི་བཅུད་ཀྱི་ལྕགས་ཀྱུ་སྟེ་ལྔ་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་དང་ལྡན་པ
319b8 འགྱུར་ཏེ། རྐྱེན་ཤིན་ཏུ་མཐོང་བའི་སླད་དུ། རྒྱུ་ཡོངས་སུ་ཤེ་དང་ལྡན་པར་འགྱུརར། རྒྱུ་མ་མཆིས་པ་དང་། རྒྱུ་དང་འབྲལ་བ་དང་། མངོན་པར་འདུ་བགྱིད་པ་མ་མཆིས་པར་གྱུར་ཏེ། བསོད་ནམས་ཀྱི་འདུ་བྱེད་རྣམས་ལ་སྤོད།
319b9 དང་བྲལ། སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་ལ་བརྩོན་པར་མྱི་བགྱིད། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིནད་པ་བཚོན་པར་མྱི་བགྱིད་ལ། དེ་འདི་སྙམ་དུ་སེམས་ཏེ། ཤེས་ཀྱི་ཕ