e-texts navigator
Collection
Volume
Page
Wylie

319a1 ཀྱིས་ཀྱང་བཟོད། ངག་གིས་ཀྱང་བཟོད་ན་སེམས་ཀྱིས་གནོད་པ་བགྱིད་དེ། དེ་སེམས་ཅན་སྟོབས་དང་ལྡན་པ་རྣམས་ལ་ནི་བཟོད། སེམས་ཅན་ཉམ་ཆུང་བ་རྣམས་ལ་ནི་མྱི་བཟོད། སེམས་ཅན་སྟོབས་དང་ལྡན་པ་རྣཾས
319a2 ལ་ནི་བཟོད་པའི་སྟོབས་ཉེ་བར་སྟོནད། སེམས་ཅན་ཉམ་ཆུང་བ་རྣམས་ལ་ནི་གནོད་སེམས་ཀྱི་སྟོབས་ཉེ་བར་སྟོན་ཏེ། དེ་རེ་ཤིག་ནི་བཟོད། རེ་ཤིག་ནི་མྱི་བཟོད། ཁ་ཅིག་ནི་མྱི་བཟོད། ཁ་ཅིག་ལ་ནི་མྱི་བཟོད་ལ་དེ་གང་གི་ཚེ་བཟོད།
319a3 པས་དེལ་མི་བཟོད་པས་རྒྱགས་ཉི་རྣམམས་སུ་འགྱིད། གང་གིས་ཀྱི་བཟོད་པའི་ཅ་ནི་མྱུར་དུ་མ་ཚོར་གྱི་ས་། འདས་འདོན་བྱང་མས་དཔའ་བཟོད་པ་དང་རབ་ཏུ་ལྡད་པའི་བརྒྱད་ཀྱི་སྔགས་ཀྱི་གསུ
319a4 པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་བཅོ། ན་འགྲུས་བརྩམས་པར་གྱུར་ད་ལ།། དེ་བརྩོན་འགྲུས་འརྩམས་པར་གནས་ཀྱང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་སེམས་ཅན་རྣམས
319a5 ཡོངས་སུ་སྦྱིན་པར་བགྱིད་དེ། ཐེག་པ་ཆེན་པོ་ལ་སེམས་ཅན་རྣམས།། ཡོངས་སུ་སྨྱིན་པར་མྱི་བགྱིད། ཉན་ཐོས་དང་། རང་སངས་རྒྱས་ཀྱི་གཏ་མ་རྒྱུན་ཏུ་སྟོན་གི། ཐེག་པ་ཆེན་པོའི་གཏམ་འཆབ་པར་བགྱིད།
319a6 འཇིག་རྟེན་པའི་བགྱི་བའི་ཞལ་ལྟ་བགྱིད་པར་བཚོན་གི། འཇིག་རྟེན་ལ་ས་འདས་པའི་ཆོས་ཡོངས་སུ་མྱི་ཚོལ། དེ་བཞིན་གཤེགས་པ་ལ་མ་ཆོད་པས་དགའ་བ་ཐོབ་སྟེ། འདི་ལྟར་མེ་ཏོག་དང་། སྤོས་དང་། ཕྲེང
319a7 བ་དང་། གདུག་པ་དང་། ཐུག་པ་དང་། བྱེ་མ་དང་། གཏུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བགྱིད་དེ། དེ་ལ་གཞོལ་དེ་ལ་འབབ། དེ་ལ་འབའ་བར་གྱུར་ད་ཀྱང་ཐོས་པ
319a8 ཡོངས་སུ་བཙལ་བ་དང་། བོས་པའི་བསྟནད་པ་དང་། ཟོས་པ་ལ་སོ་སོར་རྟོག་པ་དང་། བོས་པ་བསྒྲུབ་པར་བརྩོན་འགྲུས་ཀྱི་ཆོམ་ན། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་བཚོན་འགྲུས་དང་རབ་ཏུ་ལྡན་པའི་བདུད
319a9 ཀྱི་ལུག་ཀྱི་སྟེ་བཞི་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་བསམ་གཏན་བཞི་སྟེ། གཟུགས་མ་མཆིས་པའི་སྙོམས་པར་འཇུག་པ་བཞི་བསྐྱེད་ཅིང་སྨྲ་བ་སྟེ། དེ་དག་ལ་རྒྱུན་ཏུ་མང་དུ་གནས་པར་གྱུརཔ




iiif viewer powered by OpenSeadragon

318b - 319b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo