e-texts navigator
Collection
Volume
Page
Wylie

318b1 རྣམས་འཚལྡ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་ལཿཡ་པ།། བློ་གྲོས་རྒྱ་མཚོ་གང་ཐོབ་པས་བྱང་ཆུབ་སེམས་དཔའ་རྣམས་ཤིན་ཏུ་འདའ་བར་འགྱུར་ཞིང་བདུད་དང་ཕྱིར་རྒོལ་བ་བཅོམ་སྟེ། མྱུར་དུ་བླ་ན་མྱེད་པ་ཡང་དག་པར
318b2 རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་ཁྱོད་བདུང་གི་ལྕགས་ཀྱུ་སྙན་པ་ལ་ཆོམ་སྟེ།། སྤོབས་པར་གྱིས་ཤིག། བློ་གྲོས་རྒྱ་མཚོས་གསོལ་ད་པ། བཅོམ་ལྡན་འདས་འདི་ལྟ་སྟེ། སངས
318b3 རྒྱས་ཀྱི་མཐུས་བདག་གིས་བདུད་ཀྱི་ལུགས་ཀྱུ་བཤད་པར་བྱའོ།། བདུད་ཀྱི་ལུགས་ཀྱུ་རྣམས་གང་ཞེ་ན། བཅོམ་ལྡན་འདས་བདུད་ཀྱི་སྔགས་ནི་བཅུ་གཉིས་པོ་འདི་དག་སྟེ། བཅུ་གཉིས་གང་ཞེ་ན། བཅོམ་ལྡན་འདས་འདི
318b4 ལ་བྱང་ཆུབ་སེམས་དཔའ་སྦྱིན་པའི་ཕ་རོལྡ་ཏུ་ཕྱིནད་པ་ལ་གྱོད་པ་ནི་མྱི་འཕྲངས་པའི་དངོས་པོ་ཡོངས་སུ་གཏོང་བའི་སེམས་འཇུག་གི།། འཕངས་པའི་དངོས་པོ་ཡོངས་སུ་བཏང་བའི་སེམས་མྱི་འཇུག་པ་དང་། སེམས་ཅན
318b5 གང་དག་དེ་ལ་དགའ་བར་གྱུར་པ་དེ་དག་ལ་ནི་སྦྱིན་པར་བགྱིད།། སེམས་ཅན་གང་དག་དགའ་བར་མ་གྱུར་པ་དེ་དག་ལ་ནི་སྦྱིན་པར་མྱི།། བགྱིད་ཅིང་དེ་དངོས་པོ་ཐ་དད་དུ་བགྱིད་ན།། བཅོམ་ལྡན་འདས
318b6 འདི་ནི་བྱང་ཆུབ་སེམས་དཔའ་སྦྱིན་པ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལུགས་ཀྱུ་སྟེ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་ལྡན་ཞིང་དགེ་བའི་ཆོས་ཅན་དུ་གྱུར་ད་ཏེ། སོ་སོར
318b7 བ.རད་པའི་སྡོམ་པས་བསྡམས། ཆོ་ག་དང་འཔྱོད་ཡུལ་ཕུན་སུམ་ཚོགས། ཁ་ན་མ་ཕོ་བ་ཕྲ་རབ་ལ་ཡང་འཇིགས་པར་བལྟ། འཚོ་བ་ཡོངས་སུ་དག་པའི་བསླབ་པའི་གནས་ཡང་དག་པར་བླངས་པ་རྣམས་ལ་གྲོ་བ་སྟེ། དེ་ཚུ
318b8 ཁྲིམས་དང་ལྡན་པའི་དགེ་སྦྱོང་དང་བྲམ་ཟེ་ལ་སྙེན་ཅིང་བསྟེན་ལ་བསྙེན་བཀུར་བགྱིད་དེ། ཚུལ་ཁྲིམས་འཆལ་པའི་སེམས་ཅན་རྣམས་ལ་ཁྲོ་བ་དང་། སྡང་བ་དང་། ཞེ་འགྲས་པར་བགྱིད་ཅིང་ཚུལ་ཁྲིམས་དེ་ཉིད་ཀྱིས་བདག་ལ
318b9 སྟོང་དེ་གཞན་ལ་སྨོད་ན། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང་རབ་ཏུ་ལྡན་པའི་བཅུད་ཀྱི་ལྕགས་ཀྱུ་སྟེ་གཉིས་པའོ།། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་བཟོད་པ་སྒྲུབ་སྟེ། དེ་ལུས




iiif viewer powered by OpenSeadragon

318a - 319a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo