| e-texts navigator |
| Wylie |
318a1 སྡུག་པའི་བསམ་པ་ལ་ཞུགས་པ་དེ་ནི་སྐད་དང་ཚིག་དང་། བརྗོད་པ་ལྷུར་ལེན་པ་མ་ལགས་ཀྱི། དེ་ནི་ཡང་དག་པའི་བསྒྲུབ་པ་ཚོལ་བ་ལགས་ཏེ། ཇི་ལྟར་འགྲོ་བ་དང་འོང་བ་ཡང་དག་པར་རྗེས་སུ་མྱི་མཐོང་བ་དེ་ལྟར
318a2 ཆོས་པ་འདི་ནི་དེའི་བསྒྲུབ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་ཤིན་ཏུ་དྲི་མྱེད་སེམས་དཔས་གསོལང་པ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་གོས་དྲི་མ་ཅན་བཀྲུ་བར་བགྱིའི་དྲི་མ་མ་མཆིས་པ་ནི་མ
318a3 ལགས་སོ།། བཅོམ་ལྡན་འདས་དེ་བཞིན་དུ་སེམས་ཡོངས་སུ་མ་དག་པ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་སོར་རྟོག་པས་ཡོངས་སུ་སྤང་བར་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གི་སེམས་དང་ཡིད་ལ་ཚན
318a4 མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་འཇུག་པ་དེ་དག་པའོ།། དག་པ་གང་ལགས་པ་བསྒྲུབ་པ་ཡང་དག་པས་གནས་པ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་གསོལ་པ།། བཅོམ
318a5 ལྡན་འདས་བྱང་ཆུབ་སེམས་དཔའ་དགེ་བའི་བཞེས་གཉེན་ཀྱིས་ཡོ།། རས་སུ་ཟིན་པ་ནི་ཚེགས་ཆུང་ངུས་བསྒྲུབ་པ་ནི་ཡང་དག་པ་འཕགས་པ་ཐོབ་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས
318a6 བྱང་ཆུབ་སེམས་དཔའ་ག་ལ་ལ་དག་གནས་ཤིང་། བདུད་ཀྱི་སྔགས་ཀླུ་ལས་ཀྱི་འདའ་བ་དེ་དག་ཐམས་ཅད་ནི་སྡིག་པའི་གྲོགས་མོས་ཡོངསུ་ཟིན་པ་ལགས་སོ།། གང་དག་བདུད་ཀྱི་ལུཀྲ་མྲ་ལས་ཤིན་ཏུ
318a7 འདལ་བ་དེ་དག་ཐམས་ཅད་ནི་དགེ་བའི་བཤེས་གཉེན་གིས་ཡོངས་སུ་རིན་པ་ལགས་སོ།། བཅོམ་ལྡན་འདས་དེ་སྐབས་མ། བྱང་ཆུབ་སེམས་དཔའ་བདུང་གི་ལགས་ཀྱུ་ལས་ཤིན་ཏུ་འདའ་བར་འཚལ་བས་དགེ་བའི་བཞེས་གཉེན
318a8 རྣམས་ལ་བསྙེན་པར་བགྱི། བསྟེན་པར་བགྱི། བསྙེན་བཀུར་བགྱིའོ།། དགེ་བའི་བཤེས་གཉེན་གིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའ་ནི་ཚེགས་ཆུང་ངུས་བསྒྲུབ་པ་ཡང་དག་པ་འཕགས་པ་ཐོབ་པར་འགྱུར་རོ།། དེ་ནས་བཅོམ
318a9 ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀ་ལས་\ུ0f7fལར་ཏོ།། བློ་གྲོས་རྒྱ་མཚོ་ཁྱེད་ཀྱིས་བདུད་ཀྱི་ལུགས་ཀྱུ་རྣམས་ཤེས་སམ། གསོལ་པ།། བཅོམ་ལྡན་འདས་བདག་གིས་བདུད་གི་སྔགས་ཀྱུ