e-texts navigator
Collection
Volume
Page
Wylie

317b1 ལགས་ཏེ། མ་ཞི་བ་ལ་ནི་བསླབ་པ་མ་མཆིས་སོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སེམས་ཀྱི་དམྱིགས་པ་ཐམས་ཅད་ལས་ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བ་དེ་རྟོག་པ་དང་སྤོང་བར་མྱི་བགྱིད་དེ། རྟོག་པ
317b2 དང་སྤོང་བ་དང་བྲལ་བ་མཉམ་པ་ཉིད་དུ་རྟོགས་པ་འདི་ནི་དེའི་བསྒྲུབ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་དེད་དཔོན་བཟང་པོས་གསོལང་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དགེ་བའི་ཚ་བས་བརྟན་པ་ནི
317b3 བསླབ་པ་ཐོབ་པར་བགྱིད་པ་ལགས་ཏེ། དགེ་བའི་ཐབས་མ་བསྟན་པ་ནི་མ་ལགས་སོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་བསོད་ནམས་གི་ཚོགས་ཀྱིས་ཀྱང་བརྟན།། ཡེ་ཤེས་ཀྱི་ཚོགས་ཀྱིས་ཀྱང་བརྟན་ཏེ།
317b4 བསོད་ནམས་མཉམ་པའི་ཉིད་པས་ཡེ་ཤེས་མཉམ་པ་ཉིད། ཡེ་ཤེས་མཉམ་པ་ཉིད་པས། བསོད་ནམས་མཉམ་པ་ཉིད།། བསོད་ནམས་དང་། ཡེ་ཤེས་མཉམ་པ་ཉིད་པས།། བྱང་ཆུབ་མཉམ་པ་ཉིད།། བྱང་ཆུབ་མཉེ
317b5 བ་ཉིད་པས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ་འདི། ནི། དེའི་བསྒྲུབ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་ད། པའི་དུས་དཔོག་རྒྱལ་པོས་གསོལ་པ།། བཅོམ་ལྡན་འདས་ཆོས
317b6 ཐམས་ཅད་དབྱེར་མ་མཆིས་པ་ནི་བསྒྲུབ་པ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བར་འཚལ་ན། ཆོས་གང་ཡང་འབྱེད་པར་མྱི་བགྱིད
317b7 སྦྱོར་བར་ཡང་མྱི་བགྱིད་པ་འདི་ནི། དེའི་བསྒྲུབ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་དོན་ལེགས་སེམས་ཀྱིས་གསོལ་ད་པ། བཅོམ་ལྡན་འདས་དོན་ལ་བརྟན་པ་ལགས་ཀྱི། ཚིག་འབྲུ་ལ་མ་ལགས་ཏེ།
317b8 བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་དོན་ཀྱི་རྗེས་སུ་ཞུགས་པའི་བློས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཀུན་ཏུ་འཛིན་པ་དང་། སྟོན་པ་བགྱིད་ཀྱང་ཡང་དག་པའི་དོན་དུ་བརྗོད་དུ་མ་མཆིས་པ་དེ་ལས་ཀྱང་མྱི་གཡོ་བ
317b9 འདི་ནི་དེའི་བསྒྲུབ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར་དག་པས་གསོལྡ་པ། བཅོམ་ལྡན་འདས་ལྷག་པའི་བསམ་པ་ནི་བསྒྲུབ་པ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གར




iiif viewer powered by OpenSeadragon

317a - 318a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo