e-texts navigator
Collection
Volume
Page
Wylie

317a1 ལྡན་འདས་བྱང་ཆུབ་སེམས་དཔའ་ཀར་སེམས་ཅན་ཐམས་ཅད་རང་བཞིན་གིས་ཡོངས་སུ་མྱ་ངན་ལས་འདས་པར་ཡང་མཐོང་ལ། སྙིང་རྗེ་ཆེན་པོའི་གོ་ཅ་དེ་ཡང་མྱི་འདོར་ཞིང་། ཚོལ་བ་ཡང་དོན་མཆིས་པར་མཐོར་བ།
317a2 འདི་ནི་དེའི་སྒྲུབ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་འོད་ཟེར་ཐོགས་པ་མྱེད་པས་གསོལ་པ། བཅོམ་ལྡན་འདས་རྒྱུ་བའི་གནས་ཅི་ཙམ་པ་དེ་ཙམ་དུ་བདུད་གི་ལས་སོ།། ཇི་ཙམ་དུ་བདུད་གི་ལས་ལགས་པ
317a3 དེ་ཅབ་དུ་བསྒྲུབ་པ་མ་མཆིས་ཏེ། བཅོམ་ལྡན་འདས་རྒྱ་བ་མ་མཆིས་པའི་གནས་ལ། གནས་པ་ལ་ནི་བདུད་ཀྱིས་གྲགས་ཀྱི་རྙེད་དོ།། བདུད་ཀྱི་ལམ་ལས་ཤིན་ཏུ་འདས་པའི་བྱང་ཆུབ་སེམས་དཔའ་ནི་བསྒྲུབ་པ་ཡང་དག་པ་ལ་གཿ
317a4 པ་ཞེས་བགྱིའོ།། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་འབར་གིས་གསོལ་པ། བཅོམ་ལྡན་འདས་གང་དག་ཆོས་འགའ་ཞིག་ཡོངས་སུ་བསྒྲུབ་པར་འཚལ་བ་དེ་དག་གི་འབད་པ་དོན་མ་མཆིས་པ་ལགས་སོ།། བཅོམ
317a5 ལྡན་འདས་ཆོས་ཐམས་ཅད་ཡོངས་སུ་གྲུབ་པ་མ་མཆིས་པར་ཡང་འདི་འཚལ་བ་གང་ལགས་པས་རློམ་སེམས་སུ་མྱི་བགྱིད་པ་འདི་ནི་དེའི་བསྒྲུབ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས
317a6 དཔའ་ངན་སོང་སྤོང་གིས་གསོལ་པ། བཅོམ་ལྡན་འདས་གང་ད་འགྱུར་བ་དང་། རྣམ་པར་རྟོག་པ་ལ་གྱོད་པ་དེ་དག་ལ་སྒྲུབ་པ་གས་མས། བཅོམ་ལྡན་འདས་འགྱུར་བ་མ་མཆིས་པ་དང་། རྟོག་པ་མ་མཆིས
317a7 བསྣུན་པ་ཟེད་ཡང་འགྱུར་བས་མཆིས་པ་དང་། རྣམ་པར་རྫོམ་པ་མ་མཆིས་པ་ནི་སེམས་ཀྱི་རང་བཞིན་ལགས་སོ།། སེམས་ཀྱི་རང་བཞིན་ཡོངས་སུ་འཆལང་ས་དང་ལྡན་པ་ནི་བསླབ་པ་ཡང་དག་པ་ལ་གནས་ཞེས་པརྒྱམ།། བྱ
317a8 སེམས་དཔའ་བསམ་པ་ལེགས་པར་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྗེས་སུ་འཇུག་པའི་རྗེས་སུ་འཇུག་པར་བགྱི་སྟེ། གང་འདིར་སེམས་ཅན་ཐམས་ཅད
317a9 ཀྱི་སེམས་རྣམས་ཀྱང་སེམས་མ་ལགས་པར་སེམས་འཚལ་བ་ལ་འཇུག་པ་འདི་ནི་དེའི་བསླབ་པ་ཡང་དག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་ཞི་བའི་བློ་གྲོས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཉེ་བར་ཞི་བ་ནི་བསྒྲུབ་པ




iiif viewer powered by OpenSeadragon

316b - 317b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo