| e-texts navigator |
| Wylie |
315a1 བྱང་ཆུབ་སེམས་དཔལ་ཚུལ་ཁྲིམས་སྦ་བ་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་ཚུལ་ཁྲིམས་དང་བསླབ་པ་དང་། སྦྱངས་པའི་ཡོན་ཏན་ཐམས་ཅད་ཡང་དག་པར་འཛིན་ཅིང་པྱོད་པར་ཀུན་ཏུ་སྣང་བ་དེ་ནི་དེའི་དེ་བཞིན་བྱེད་པའོ།། བྱང་ཆུབ
315a2 སེམས་དཔའ་བཟོད་པ་སྦ་བ་ནི་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་གནོད་སེམས་དང་། ཟབ་པ་དང་། ཞེ་སྡང་སྤོང་བ་སྡང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ།། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་སྦ་བ་ནི་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་དགེ་བའི
315a3 ཆོས་ཐམས་ཅད་ཡོངས་སུ་ཚོལ་བ་ལ་འརྩོན་པར་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ།། བྱང་ཆུབ་སེམས་དཔའ་བསམ་གཏན་སྨྲ་བ་ནི་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་བསམ་གཏན་དང་། རྣམ་པར་བ.རད་པ་དང་། ཏིང་ངེ་འཛིན་དང་།
315a4 སྙོམས་པར་འཇུག་པ་རྣམས་ལ་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ།། བྱང་ཆུབ་སེམས་དཔའ་ཤེས་རབ་སྨྲ་བ་ནི་ཇི་སྐད་སྨྲ་བ་སྟེ། གང་གི་ཚེ་ཚི་ག་རབ་ཏུ་དབྱེ་བའི་སྤོབས་པ་རྣམ་པར་ངེས་པའི་ཡེ་ཤེས་ལ་མཁས
315a5 པར་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ།། དེ་བཞིན་དུ་མྱི་དགེ་བའི་། ཆོས་ཐམས་ཅད་ཀྱི་བར་དག་སྤང་བ་སྨྲ་བ་དང་། དགེ་བའི་ཆོས་ཐམས།། ཅད་ཡོངས་སུ་རྫོགས་པར་བྱ་བ་སྨྲ་བ་ནི། བྱང་ཆུབ་སེམས་དཔ
315a6 ཇི་སྐད་སྨྲ་བ་ནི། གང་གི་ཚེ་མྱི་དགེ་བའི་ཆོས་ཐམས་ཅད་སྤོང་བ་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་ཚོལ་བ་ལ་བརྩོན་པར་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ།། གཞན་ཡང་བསམ་པ་ནི་ཇི་སྐད་སྨྲ་བའོ།
315a7 གཡོ་མྱེད་ཅིང་སྤུ་མྱེད་པ་ནི་དེ་བཞིན་བྱེད་པའོ།། སྦྱོར་བ་ནི་ཇི་སྐད་སྨྲ་བའོ།། སྦྱོར་བ་ཉམས་འོག་ཏུ་ཆུད་པར་བྱེད་པ་ནི་དེ་བཞིན་བྱེད་པའོ།། ཆོམ་པ་ནི་ཇི་སྐད་སྤ་བའོ།། ཆོམ་པ་ལ་ཞུམ་པ་མྱེད་པ་ནི་དེ་བཞིན་བྱེད་པའོ།།
315a8 ལྷག་པའི་བསམ་པ་ནི་ཇི་སྐད་སྨྲ་བའོ།། དེ་ལ་མ་ཆགས་པར་ཁྱད་པར་དུ་འགྲོ་བ་ནི་དེ་བཞིན་བྱེད་པའོ།། དམ་བཅས་པ་ནི་ཇི་སྐད་སྨྲ་བའོ།། དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པ་ནི་དེ་བཞིན་བྱེད་པའོ།། ཐོས་པ
315a9 ཀུན་ཏུ་འཛིན་པ་ནི་ཇི་སྐད་སྨྲ་བའོ།། བོས་པ་བསླབ་པ་ནི་དེ་བཞིན་བྱེད་དོ།། ཚིག་གི་ཡང་དག་པར་བླངས་པ་ནི་ཡང་དག་པར་སླ་བའོ།། ལུས་དང་སེམས་ཞུམ་པ་མྱེད་པ་ནི་དེ་བཞིན་བྱེད་པའོ།། ང་རྒྱལ་མྱེད་པ་ནི་ཇི་སྐད་སྨྲ་བའོ།།