| e-texts navigator |
| Wylie |
314b1 བདག་ནི་དེ་དག་འཇིགས་བྱེད་བུ་ཕྱིར་གནས། སྲུབས་སུ་དོང་བ་དག་གིས་མ་གསད་པྱོད་ཀྱིས་སོང་།། དེ་ནས་བྱ་རྒོད་རྒྱལ་པོ་རི་དགས་ཀྱི་རྒྱལ་པོ་སེང་གེ་ལ་ཚིགས་སུ་བཅད་དེ་སྨྲས་པ། མི་དགས་རྒྱལ་པོ་གལ་ཏེ་ཀྱད་ནི་བདུག་འདོར་ན།
314b2 དེ་སྟ་ན་ནི་དེ་གཉིས་ཀྱི་གསད་བཏང་བར་བྱ། ཁོ་བོས་འདི་གཉིས་འོས་ནས་ཁོ་བོས་མཁའ་ས་གནས། ཁྱོད་ན་རྣམ་པར་གྱུར་ཀྱང་བདག་ལ་ཅི་བྱར་ཡོད།། རི་དགས་ཀྱི་རྒྱལ་པོས་ཡང་སྦས་པ། བདག་ནི་བཏང་གྱིས་ཡོངས་སུ་བས།
314b3 བར་གྱིས།། བདག་གི་གྲེའུ་ཕྲུ་གུ་གཉིས་ནི་བཏང་བར་གསོལ།། བྱང་ཆུབ་ཞུགས་པ་དམ་བཅས་སྲུང་བར་བྱེད། མཁས་པ་དག་ནི་རྫུན་སླ་བ་མྱེད།། བདག་རྫུན་འགྱུར་དུ་འོང་སྟེ་ལྷག་བསམས་པས།། དེ་ནས་དྲང་སྲོང་ཆེན་པོ་ལུས་འདོད
314b4 ཏེ། དེ་ནས་ལྷག་པའི་བསམ་བས་དགའ་འགྱུར་ནས། སེམས་ཅན་རྣམས་ཀྱི་ཆེད་དུ་སུས་བཏང་ངོ་།། དེ་ནས་བྱ་རྒོད་རྒྱལ་པོ་དེས་ཆ་བྱུང་མཐོང་ནས། ནམ་མཁའ་གནས་ཏེ་ཆེད་བརྗོད་ཆེད་དུ་བརྗོད། གར
314b5 དག་གཞན་ཕྱིར་རང་གི་ལུས་འདོར་བ། དེ་དག་འཚོ་བའི་འཇིག་རྟེན་འདིར་བདེར་འཚོ། ཁོ་བོས་སྲེའུ་ཕྲུག་འདི་གཉིས་བཏང་བར་བྱ། ཁྱོད་ཀྱང་འཚོ་ཞིང་རིང་དུ་ཆོས་གྱོད་ཅིག། བློ་གྲོས་རྒྱ་མཚོ་དེའི་ཚེ་དེའི་དུས
314b6 ན། རི་དགས་ཀྱི་རྒྱལ་པོ་སེར་གེར་གྱུ་ར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་སེམས་ན་དེ་ལྟར་མྱི་ལྔའོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་ཉིད་དེའི་ཚེ་རོའི་དུས་ན། རི་དགས་ཀྱི་རྒྱལ་པོ་སེང་གེར་གྱུར་ཏོ།། འོད་སྲུང་ཆེན་པོ
314b7 ནི་སྤྲེའུར་གྱུར་ཏོ།། སེར་སྱ་བཟང་པོ་ནི་གྲེའུ་མོར་གྱུར་ཏོ།། སྒྲ་གཅན་ཟིན་དང་ཀུན་དགའ་བོ་ནི་གྲེའུ་ཕྲུག་ཏུ་གྱུ་རད་ཏོ།། དགེ་སློང་འཕྲེང་བ་བཟང་པོ་ན་དེའི་ཚེ་དེའི་དུས་ན། བྱ་རྒོང་གི་རྒྱལ་པོ་ཨུ་གྲི་བ་ཞེས་བྱ་བར་གྱུར་ཏོ།། བློ་གྲོས
314b8 རྒྱ་མཚོ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལུས་ནི་ཡོངས་སུ་བཏང་བར་བྱའི།། སྐྱབས་སུ་དོང་བ་དག་ནི་ཡོངས་སུ་བཏང་བར་མྱི་བྱའོ།། ཇི་སྐད་སྨྲས་པ་དེ་བཞིན་དུ་བསྒྲུབ་པར་བྱའོ།། དེ་འཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་གང་ཞེ
314b9 མ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་སྦྱིན་པ་སྦ་བ་ནི་ཇི་སྐད་སྦས་པ་སྟེ། གང་གི་ཚེ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་སྣང་བ་འདི་ནི་དེའི་དེ་བཞིན་བྱེད་པའོ།། དེ་ལྟར་ན་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡིན་ནོ།།