| e-texts navigator |
| Wylie |
314a1 སྨྲས་པ་དེ་བཞིན་བྱེད་པ་ཡིན་ཏེ། ལྷ་དང་བཅས་པའི་འཇིག་རྟེན་ལ་སླུ་བ་ཡིན་ནོ།། དེ་ལྟ་བུ་དེ་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་ཀྱིས་མཐོང་ན། ཕྱེ་ཞིང་གཞོག་ཕྱག་བྱེད་ལ། རྣམ་སྨོད་དེ་གང་དག་མཆོད་སྦྱིན
314a2 བྱ་བར་དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པའི་མཆོད་སྦྱིན་གི་བདག་པོ་དེ་དག་ནི་དཀོན་ནོ།། དེ་བས་ཀྱང་གང་དག་མཆོད་སྦྱིན་ཆེན་པོ་ཐམས་ནཱ། བླ་ན་བྱེད་པའི་ཐེག་པ་ཆེན་པོ་ཡོངས་སུ་སྐྱོ་བར་མྱི་འགྱུར་བ་དག་ནི་ཆེས
314a3 དཀོན་ནོ།། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་གང་གིས་ལྷ་དང་མྱི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་སླུ་བར་འགྱུར་བའི་ཚིག་བརྗོད་པར་མྱི་བྱའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་ལ་ལ་ཞིག་གིས་བྱང་ཆུབ་སེམས་དང
314a4 གང་ལ་ཆོས་ཀྱི་དོན་བྱ་བར་གསོལ་བ་བཏབ་ལ་དེ་ལ་བྱང་ཆུབ་སེམས་དཔས་ཁོ་བོས་ཁྱོད་ཀྱི་ཆོས་ཀྱི་དོན་འདི་ཡོངས་སུ་ཐོབ་པར་བྱའོ་ཞེས་ཚིག་སྨྲས་པར་གྱུར་པ་ན། བྱང་ཆུབ་སེམས་དཔའ་དེ་ལ་ལུས་ནི་ཡོངས་སུ་བཏང་བར་བྱའོ། སེམས་ཅན
314a5 སླུ་བར་ནི་མྱི་བྱའོ།། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་འདེ་ལྟར་རིག་པར་བྱའོ།། བློ་གྲོས་རྒྱ་མཚོ་སྔོན་བྱུང་བ་འདས་པའི་དུས་ན་བ། སྐལ་པ་གྲངས་མྱེད་པའི་ཡང་ཆེས་གྲངས་མྱེད་དཔག་ཏུ་མྱེད་པར་གྱུར་པ
314a6 དེའི་ཚེ་དེའི་དུས་ན། སེང་གེའི་རྒྱལ་པོ་དར་ཀར་ལྟ་བུའི་རལ་པ་ཅན་ཡན་ལག་མ་སྤད་པ་ཞེས་བྱ་བ་སེམས་ཅན་ཐམས་ཅད་ལ་བྱམས་པའི་རྫས་སུ་ཞུགས་པ།། སྭ་དང་ལོ་མ་དང་། འབྲས་བུ་ལ་མོས་པ་ཞིག་རིའི་ཕུག
314a7 འགྲོད་དཀའ་བ་ཞིག་ན་གནས་མ། རིའི་ཕུག་བཟོད་དཀལ་བ་དེ་ན་སྤྲེའུ་པ་སྦོམ་ཤིག་ཀྱང་གནས་སོ།། དེ་ནས་དུས་གཞན་ཞིག་ན། སྤྲེའུ་མོ་དེ་ལ་བུ་འབྲངས་ནས། དེ་ལས་ཕྲུ་གུ་གཉིས་བྱུང་ངོ་།། དེ་ནས་སྤྲེའུ་དེ་དང་སྤྲེའུ་མོ་རེས་ཕྲུ་གུ་དེ་གཉིས
314a8 རི་དགས་ཀྱི་རྒྱལ་པོ་སེང་གེ་ལ་གཏམས་ཏེ་གྱོད་ཡུལ་དུ་དོང་ངོ་།། དེ་ནས་བྱ་རྒོད་ཀྱི་རྒྱལ་པོ་སྤུ་ཀྲི་བ་ཞེས་བྱ་བ་སྟེང་གི་བར་སྣང་ལས་བབས་ཏེ། སྤྲེའུའི་ཕྲུ་གུ་དེ་གཉིས་བླངས་ནས། སྟེང་གི་བར་སྣང་ལ་གནས་པར་གྱུརྡ་པ་དང་།
314a9 དགས་ཀྱི་རྒྱལ་པོ་སེང་གེས་བྱ་རྒོད་གི་རྒྱལ་པོ་སུ་ཀྲི་བས་སྤྲེའུ་ཕྲུ་གུ་དེ་གཉིས་ཁྱེར་པ་མཐོང་ངོ་།། མབོར་ནས་ཀྱང་ཚིགས་སུ་བཅད་དེ་སྨྲས་པ། བྱ་རྒོད་རྒྱལ་པོ་ཁྱོད་ལ་བདག་གསོ་ལད་པ།། བདག་གི་སྤྲེའུ་ཕུ་གུ་དེ་གཉིས་ཁྱོད་ཀྱིས་བོང་།