e-texts navigator
Collection
Volume
Page
Wylie

313b1 བཀའ་ཡ་ཡ་བ་ཟློ་གྲོས་རྒྱ་མཚོ་དེ་ལྟར་བས་ན། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྐྱེས་བུ་དམ་པ་ཁྱོད་ཀྱི་རྗེ།
313b2 སུ་བསླབ་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ས་ཚིག་ཏུ་ཐོས་ཤིང་ཚིག་ལྷུར་བླང་བར་གྱི་བྱའི།། བྱང་ཆུབ་སེམས་དཔས་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱ་བར་བྱའོ།། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ
313b3 ཡིན་ཞེ་ན། བློ་གྲོས་རྒྱ་མཚོ་སངས་རྒྱས་སུ་འགྱུར་བར་བྱའོ།། ཞེས་བྱ་བའི་ཚིག་འདི་ནི་བརྗོད་པར་སླའི།། དགེ་བ་བྱང་ཆུབ་ཀྱི་ཕྱོགས་རྣམས་བསྒྲུབ་པ་ནི་དཀའོ་སྙམ་མོ།། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་གང་ལ་ལས་ཆོས
313b4 ཀྱི་སྦྱིད་པས་སེམས་ཅན་ཐམས་ཅད་མགྲོན་དུ་གཉེར་ཏེ། ཁོ་ཐོམ་སེམས་ཅན་བྱེད་ཆོས་ཀྱི་སྦྱིན་པས་ཚིམ་པར་བྱའོ།། ཞེས་བྱ་ལ། མང་དུ་ཐོམ་བ་དང་དེ་ལས་གཞན་པ་དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཚས་རྣམས་ལ་བན
313b5 བར་གྱི་བྱེདན། དེ་སེམས་ཅན་དེ་དག་སླུ་བ་ཡིན་ཏེ། ཇི་སྐད་སྦས་པ་དེ་བཞིན་བྱེད་པ་མ་ཡིན་ནོ།། བློ་གྲོས་རྒྱ་མཚོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ས་ཆོས་ཀྱི་སྦྱིན་པ་སེམས་ཅན་བས་ཅད་འགྲོན་དུ་གཉེར
313b6 ཁོ་བོས་སེམས་ཅན་བྱེད་ཆོས་ཀྱི་སྦྱིན་པས་ཚིམ་པར་བྱའོ་ཞེ་བྱས་ལ། མང་དུ་ཐོས་པ་དང་། དེ་ལས་གཞན་པ་དགེ་བ་བྱང་ཆུབ་ཀྱི་ཕྱོག་རྣཾས་ལ་ཡང་བརྩོན་བར་མྱི་བྱེད་པ་འདི་ནི། བྱང་ཆུབ་སེཾས་དཔ་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་མ་ཡིན
313b7 མ་ཀྱི་ཀྱི་མ་། ས་བྱ་ན་ད་བའི་གས་མས་མ་།། དེ་དག་ཀྱ་བགའ་བ་དང་།
313b8 མ་ཐོ་བ་ལས་བྱ་ཞིང་དང་བ་དེ་བཞིན་དུ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་ས་མ་གུལ་པ་ལ་བསྤྲུལ་པ་དང་། མ་གྲོལ་བ་དགྲོལ་བ་དང་། དབུགས་མ་ཕྱིན་པ་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ། སོ
313b9 སུ་མྱ་ངན་ལས་བཟལ་བའི་ཕྱིར། སེམས་ཅན་ཐམས་ཅད་དབུགས་བྱུང་ལ། མང་དུ་ཐོས་པ་དང་། དེ་ལས་གཞན་པ་དགེ་བ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡང་བཚོན་པར་གྱི་བྱེད་ན། བྱང་ཆུབ་སེམས་དཔའ་དེ་ནི་ཇིས




iiif viewer powered by OpenSeadragon

313a - 314a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo